[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློམ་མའི་ལེགས་རྩོམ།
  • མེས་རྒྱལ་ལགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཀུན་བཟང་རིག་འཛིན།    |    སྤེལ་དུས།   2022-02-08

    རླབས་ཆེན་གྱི་མེས་རྒྱལ་ལགས། ངས་སྙིང་དབུས་ནས་ཁྱེད་ལ་བསྟོད་གླུ་འབུལ་ཞིང་དགའ་འབོད་བྱེད། ཁྱེད་ནི་རེ་བ་སྟོང་གིས་ཕྱུག་པའི་མེས་རྒྱལ་ཞིག་རེད། ཁྱོད་ཡོད་པས་ང་ཚོའི་འཚོ་བ་སྔར་བས་སྐྱིད། ཁྱེད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ངོ་མཚར་ལོ་རྒྱུས་རབ་དང་རིམ་པ་བཏོད། ཁྱེད་ཡོད་པས་ང་ཚོའི་འཚོ་བའི་བདེ་སྐྱིད་ཀྱི་འོད་སྣང་ལ་ཟད་མཐའ་མེད།

    ངོ་མ། ཁྱོད་ཀྱིས་ལོ་བརྒྱའི་ལོ་རྒྱུས་ཀྱི་ལམ་བུར་དཀའ་སྡུག་གདོང་གིས་བསུས་ཤིང་། ཕམ་ཁ་མཐའ་དག་རྒྱལ་ཁའི་རྩ་བར་བཟུང་ནས་རྒྱལ་ཁའི་ཕྱོགས་སུ་དཔའ་མཛངས་རྟུལ་ཕོད་ཀྱིས་གོམ་པ་རེ་རེ་སྤོས་པ་རེད། དེས་ན། ང་ཚོ་ནི་མེས་རྒྱལ་གྱི་མེ་ཏོག་དང་མ་འོངས་ཀྱི་ས་བོན་ཡིན་པས། རེ་བ་དང་ཡིད་ཆེས་ཀྱིས་གཏམས་པའི་དུས་རབས་གསར་པར་བདེ་ཐང་ངང་འཚར་ལོངས་བྱུང་དང་འབྱུང་བཞིན་ཡོད།

    མེས་རྒྱལ་ལགས། དེ་རིང་ནི་ཁྱེད་ཀྱི་འཁྲུངས་སྐར་ཡིན་པས། ང་ཚོས་ཁྱེད་ལ་བཀྲ་ཤིས་རྟེན་འབྲེལ་ཞུ། སྔར་སོང་གི་ལོ་ཟླ་ནི་འདས་པའི་ལོ་རྒྱུས་ཡིན་པས་སླར་ལྡོག་ཐབས་ཅི་ལ་ཡོད། ད་ལྟ་ནི་འཕེལ་རྒྱས་ཀྱི་གསོན་ཤུགས་རབ་ཏུ་རྒྱས་པའི་དུས་རབས་གསར་པར་བསླེབས་ཟིན་པས། ང་ཚོས་སྲིད་ཇུས་བཟང་པོའི་འོག ལས་སློབ་གཉིས་ལ་སྤྲོ་བས་ཞུགས་ནས། སྤྲོ་སྣང་ལྡན་པའི་འཚོ་བར་དམ་འཛིན་དང་གཅེས་སྤྲས་བྱེད་དགོས།

    ང་རང་ཀྲུང་གོ་བ་ཡིན་པས་བསོད་ནམས་ཆེ་ལ། སྤོབས་སེམས་དེ་བས་ཀྱང་ཆེ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།