[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློམ་མའི་ལེགས་རྩོམ།
  • རླབས་ཆེན་ཏང་གི་བཀའ་དྲིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལོ་རིམ་8འཛིན་གྲྭ་2 པད་མ་ལྷ་གྲུབ།    |    སྤེལ་དུས།   2019-10-13

    ཉལ་ཁང་གྲུ་བཞིའི་ནང་དུ་བསྡད་ན་ཡང་། །

    སྙན་པོའི་རྩོམ་ཞིག་འབྲི་བར་ལུས་སེམས་འཚབ། །

    གང་ཞིག་འབྲི་བྱའི་བརྗོད་བྱ་མ་རྙེད་པར། །

    སྙན་པའི་ཚིག་གི་རྒྱན་ཆ་སུ་ལ་བསྒྲོན། །


    གློ་བུར་ཏང་གླུ་སྙན་པོ་རྣ་བར་ཐོས། །

    ང་སེམས་དབང་མེད་དེ་ཡི་ཕྱོགས་སུ་ཤོར། །

    ཡུལ་ལུང་གང་སར་རླབས་ཆེན་མེས་རྒྱལ་གྱི། །

    འཁྲུངས་སྐར་བསུ་བའི་འཁྲུག་ཆ་ཅི་ལས་དོད། །


    རླབས་ཆེན་མེས་རྒྱལ་མངའ་ཐང་རྒྱས་པ་དང་། །

    ཡུན་ནས་ཡུན་ཏུ་གོང་འཕེལ་ཡོང་སླད་དུ། །

    ང་ཡིས་སྙན་པོའི་ཚིག་གིས་མཆོད་པ་འབུལ། །

    ཏང་གི་བཀའ་དྲིན་ནམ་མཁའི་ཉི་མ་འདྲ། །


    ཚ་ཟེར་ཉི་འོད་ཡུལ་ལུང་གང་སར་འཕྲོས། །

    དམངས་རྣམས་བདེ་ཞིང་སྐྱིད་པའི་འཚོ་བར་རོལ། །

    ཏང་གི་བཀའ་དྲིན་དཀར་གསལ་ཟླ་འོད་འདྲ། །

    རླབས་ཆེན་ཏང་གི་བཀའ་དྲིན་མ་བརྗེད་ཨང་། །


    མུན་ནག་སྤྱི་ཚོགས་ཐལ་བའི་རྡུལ་དུ་བརླགས། །

    བཀྲ་ཤིས་གླུ་དབྱངས་ཡུལ་ལུང་གང་སར་ཁྱབ། །

    ལོ་ངོ་བདུན་ཅུའི་དུས་སྟོན་འཆར་བའི་དུས། །

    བཀྲ་ཤིས་མཇལ་དར་བཏེཌ་ནས་རྟེན་འབྲེལ་ཞུ། །

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།