[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློམ་མའི་ལེགས་རྩོམ།
  • མེས་རྒྱལ་ལ་བསྟོད་པའི་སྙན་ཚིག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལོ་རིམ་8འཛིན་གྲྭ་2 ཡེ་ཤེས་དབང་མོ།    |    སྤེལ་དུས།   2019-10-13

    མེས་རྒྱལ་བཀའ་དྲིན་ཆེ་བས། །

    དབུལ་པོའི་ཞྭ་མོ་ཕུད་སོང་། །

    ང་ཚོའི་གྲོང་ཚོའི་འཚོ་བ། །

    ཉིན་ལས་ཉིན་བཞིན་ཡར་རྒྱས། །


    ད་ཆ་ང་ཚོའི་གྲོང་ཚོར། །

    སྣུམ་ནག་གཞུང་ལམ་གཏིང་ཡོད། །

    སྔོན་མའི་རྐང་ལམ་ཕྲ་མོ། །

    རེ་ཞིག་རྒན་ཡོལ་ཞུ་རོགས། །


    ཆུ་མཛོད་གསར་པ་བསྐྲུན་སོང་། །

    གནམ་ཆུ་སྒུག་དགོས་མི་འདུག །

    ཨ་ཁུ་ཞིང་པ་རྣམས་ལ། །

    ལོ་ལེགས་ཡོང་སྙིང་འདོད་བཞག །


    ང་ཚོའི་རླབས་ཆེན་མེས་རྒྱལ། །

    གོང་ནས་གོང་དུ་འཕེལ་སོང་། །

    མེས་རྒྱལ་བདག་པོ་ང་ཚོས། །

    རང་དགོས་ཤེས་བྱར་འབད་ཤོག །


    རང་གི་ཕུགས་འདུན་བཟང་པོ། །

    མངོན་དུ་འགྱུར་བ་བྱས་ནས། །

    རླབས་ཆེན་མེས་རྒྱལ་ཁོང་གི། །

    བཀའ་དྲིན་ཡང་ཡང་འཇལ་ཤོག །

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།