[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་མའི་རིག་རྩལ།
  • བོད་ཀྱི་སྐབས་དང་པོའི་བྱིས་པའི་བོད་ཡིག་ཡིག་གཟུཌ་འགྲེམ་སྟོན་དང་བོད་ཡིག་ཡིག་གཟུཌ་འགྲན་སྡུར་ཆེན་པོ་འགོ་ཚུཌ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-01-25

    ལྗོངས་ཡོངས་ཀྱི་སྐབས་དང་པོའི་བྱིས་པའི་བོད་ཡིག་ཡིག་གཟུགས་འགྲེམ་སྟོན་དང་བོད་ཡིག་ཡིག་གཟུགས་འགྲན་སྡུར་ཆེན་པོ་ཚེས་25ཉིན་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་གཉེར་ཡོད་ཅིང་། ད་ཐེངས་ཀྱི་འགྲེམ་སྟོན་བྱེད་སྒོ་འདི་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་། (མངོན་མིན་རིག་གནས་ཤུལ་བཞག་གཞུང་ལས་ཁང)དང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱེད་པ་དང་། ལྷ་ས་གཡུག་གུ་བྱིས་པའི་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིས་འགན་སྒྲུབ་བྱས་ཡོད།

    4.jpg

    འདི་ནི་བོད་ཡིག་ཡིག་གཟུགས་འགྲེམ་སྟོན་གྱི་མཛད་སྒོ་ཡིན་པ།

    བོད་ཡིག་ཡིག་གཟུགས་ཀྱི་འགྲན་སྡུར་ཐོག་ཏུ་བོད་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)7གྱི་བུ་བཅོལ་ཁང་དང་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བརྩམས་ཆོས་དང་དེ་མིན་ལྗོངས་ཕྱིའི་བོད་ཁུལ་གྱི་སློབ་མའི་བོད་ཡིག་ཡིག་གཟུགས་ཀྱི་བརྩམས་ཆོས་བཅས་ཁྱོན་བརྩམས་ཆོས་1400ཞུགས་ཡོད་ཅིང་། བོད་ཡིག་ཡིག་གཟུགས་ཀྱི་བརྩམས་ཆོས་དེ་དག་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཡིག་གཟུགས་མཁས་ཅན་ཚོས་ཐེངས་མང་གི་དཔྱད་འདེམས་བྱས་པ་བརྒྱུད། འགྲན་སྡུར་དེར་ཁྱོན་བྱ་དགའ་རིམ་པ་དང་པོའི་བརྩམས་ཆོས་10 བྱ་དགའ་རིམ་པ་གཉིས་པའི་བརྩམས་ཆོས་20 བྱ་དགའ་རིམ་པ་གསུམ་པའི་བརྩམས་ཆོས་30  དེ་མིན་ཕུལ་བྱུང་གི་བྱ་དགའི་བརྩམས་ཆོས་60བཅས་དཔྱད་འདེམས་བྱས་ཡོད་ལ། བརྩམས་ཆོས་དེ་དག་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འགྲེམ་སྟོན་ཉིན་7བྱ་རྒྱུ་རེད་འདུག  

    5.jpg

    འདི་ནི་ཕྲུ་གུས་འགྲན་ཞུགས་བརྩམས་ཆོས་ལ་ནན་ཏན་ངང་བལྟ་བཞིན་པ།

    འགྲན་སྡུར་དཔྱད་འདེམས་མཁན་གྱིས། ད་ཐེངས་ཀྱི་བོད་ཡིག་ཡིག་གཟུགས་ཀྱི་རིགས་ལ་ཚུགས་རིང་དང་དབུ་ཅན། འབྲུ་ཚ་སོགས་བོད་ཡིག་ཡིག་གཟུགས་ཀྱི་རྣམ་པ་མི་འདྲ་བའི་བརྩམས་ཆོས་མང་ཞིང་། འགྲན་ཞུགས་བརྩམས་ཆོས་ཀྱི་སྤུས་ཚད་ལེགས་པ། ཁ་གྲངས་ཤིན་ཏུ་མང་བས་དེ་ནི་དགའ་འོས་པ་ཞིག་རེད་ཅེས་ཚད་མཐོའི་གདེང་འཇོག་གནང་།

    བྱེད་སྒོའི་འགན་སྒྲུབ་མཁན་ལྷ་ས་གཡུག་གུ་བྱིས་པའི་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་ཁུར་མི་སྣས་བརྗོད་དོན། ད་ཐེངས་ཀྱི་བྱེད་སྒོ་འདི་2016ལོའི་ཟླ་9པར་དངོས་སུ་གྲ་སྒྲིག་བྱེད་སྒོ་ཚུགས་ཤིང་། ལོ་དེའི་ཟླ་10པར་ལྗོངས་ནང་ཁུལ་གྱི་གྲགས་ཆེ་བའི་སྨྱན་སྦྱོར་སོགས་ཀྱི་ཐབས་ལམ་བརྒྱུད་ནས་སྤྱི་ཚོགས་ཐོག་བརྩམས་ཆོས་སྡུད་པའི་གསལ་བརྡ་བཏང་ཡོད་ལ། ད་ཐེངས་ཀྱི་བྱེད་སྒོ་འདི་ལྗོངས་ནང་ཁུལ་དུ་ཁྱབ་རྒྱ་ཆེ་བའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད།

    1.jpg

    འདི་ནི་འགྲན་ཞུགས་སློབ་མ་ལྷག་སྒྲོན་གྱི་ཨ་ཕས་རང་ཉིད་བུ་མོའི་བརྩམས་ཆོས་མདུན་དུ་དྲན་རྟེན་པར་རྒྱག་བཞིན་པ།

    བུ་བཅོལ་ཁང་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་སློབ་མ་འཇིག་བྲལ་དབང་པོས། དགའ་སྤྲོའི་ངང་ནས་ངས་མུ་མཐུད་ནས་བོད་ཡིག་ཡིག་གཟུགས་ལ་སྦྱང་བ་བྱས་ནས་དེ་བས་ལེགས་པའི་ཡིག་གཟུགས་འབྲི་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།

    གཟིགས་མོར་ཕེབས་པའི་ཁྱིམ་བདག་ཆུང་ལགས་ཀྱིས། བྱེད་སྒོ་འདི་འདྲ་སྤེལ་བ་དེས་ཕྲུ་གུའི་བོད་ཡིག་ཡིག་གཟུགས་ལ་སྐུལ་མ་དང་བྱིས་པའི་ཧུར་བརྩོན་ཡར་བསྐྱེད་ཀྱི་སྙིང་སྟོབས་གསོ་སྐྱོང་ཐུབ་པ།  དེས་མ་ཟད་ཕྲུ་གུ་བདེ་ཐང་འཚར་ལོངས་ཡོང་རྒྱུར་ཕན་པ་ཆེན་པོ་འདུག་ཅེས་གདེང་འཇོག་ཆེན་པོ་གནང་།

    3.jpg

    འདི་ནི་བྱ་དགའ་རིམ་པ་དང་པོ་ཐོབ་པའི་བརྩམས་ཆོས་ཡིན་པ།

    2.jpg

    འཁྱུག་ཡིག་གི་བརྩམས་ཆོས་འདིར་བྱ་དགའ་རིམ་པ་དང་པོ་ཐོབ་པ།

    9.jpg

    འདི་ནི་བྱ་དགའ་རིམ་པ་དང་པོ་ཐོབ་མཁན་གྱི་སློབ་མ་འཇིག་བྲལ་དབང་པོས་ཡིག་གཟུགས་མཁས་ཅན་དང་ད་ཐེངས་ཀྱི་དཔྱད་འདེམས་པ་ལྷག་པ་ཚེ་རིང་དང་མཉམ་པར་རྒྱག་པ།

    webwxgetmsgimg.jpg

    འཇིག་བྲལ་དབང་པོའི་བརྩམས་ཆོས་ལ་བྱ་དགའ་རིམ་པ་དང་པོ་ཐོབ་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།