
ལོ་ཆུང་བྱིས་པའི་གཙོ་སྐྱོང་རྣ་བར་སྙན།
སྤྱི་ཚེས ༡༦ ཉིན་གྱི་སྔ་དྲོ།
ལྷ་ས་གྲོང་ཁྱེར་རྔ་རུ་ས་གཞི་ཆེན་མོའི་བུ་བཅོལ་ཁང་གིས་སློབ་དུས་མཇུག་རྫོགས་ཀྱི་རིག་རྩལ་འཁྲབ་སྟོན་དང་ཡེ་ཤུའི་འཁྲུངས་སྐར་བསུ་བའི་བྱེད་སྒོ་སྤེལ་བས།
བུ་བཅོལ་གྱི་བྱིས་པ་ཚོར་སྤྲོ་སྣང་རབ་ཏུ་སྦྱིན་ཡོད།
གར་སྟེགས་ཐོག་བྱིས་པ་ཆུང་ཆུང་ཚོས་བོད་ཀྱི་སྲོལ་རྒྱུན་ཞབས་བྲོ་བཀྲ་ཤིས་ཞོལ་པ་དང་།
དེང་དུས་ཀྱི་ཞབས་བྲོ།
དེ་བཞིན་སྤྱང་ཀི་སླེབས་བྱུང་ཞེས་པ་སོགས་བྱིས་སྒྲུང་གི་ནང་དོན་མངོན་པའི་རིག་རྩལ་ལེ་ཚན་སྣ་ཚོགས་ལས་གར་སྟེགས་འོག་གི་ཁྱིམ་བདག་དང་དགེ་རྒན་རྣམས་ཀྱིས་ཡིད་དབང་རབ་ཏུ་འགུག་ཡོད།

བྱིས་པའི་བློ་རྩེ་གཅིག་འགྲིམ་འཁྲབ་སྟོན་ལས། བོད་ཀྱི་སྲོལ་རྒྱུན་ཞབས་བྲོའི་ངོ་མཚར་མངོན།

དེང་དུས་ཞབས་བྲོའི་ལེ་ཚན་ལས། བྱིས་པའི་དྭངས་གཙང་སེམས་པ་མངོན།

རང་ཁྱིམ་བྱིས་པའི་འཁྲབ་སྟོན་མཐོང་བའི་ཚེ། ཁྱིམ་བདག་དགའ་བའི་རྣམ་འགྱུར་བཞིན་ལས་གསལ།