[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-19

    360截图16520821374434.png

    འདི་ནི་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ཡུལ་ཡིན་པ།

    བྱིས་པ་ཚོ་ཕུན་སུམ་ཚོགས་པའི་གུང་གསེང་ཞིག་གཏོང་ཐུབ་ཆེད། འབྲི་རུ་རྫོང་ཚ་ཆུ་ཤང་ཀོ་སྣ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་འབྲེལ་བྱས་ནས་2020ལོའི་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ་རེད། སློབ་ཚན་འཚོགས་པའི་ཉིན་དང་པོར་ཀོ་སྣ་གྲོང་ཚོར་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་པ་དང་དགེ་སློབ་150ལྷག་ཙམ་གྱིས་གྲལ་སྟར་འགྲིག་པོས་མཉམ་དུ་རྒྱལ་གླུ་བླངས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་གསབ་སྦྱོང་འཛིན་གྲྭར་དེ་སྔའི་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭའི་ཉམས་མྱོང་བསྡུ་ལེན་བྱས་པའི་ཐོག གྲོང་སྡོད་ལས་དོན་རུ་ཁག་གིས་འཆད་ཁྲིད་བྱ་རྒྱུ་གསར་དུ་བསྣན་ནས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་སློབ་མ་ཚོར་ཁྲིམས་ལུགས་ཁྱབ་གདལ་དང་། བདེ་འཇགས། མི་རིགས་མཐུན་སྒྲིལ་སོགས་ཀྱི་ཆེད་དོན་འཆད་ཁྲིད་བྱས་པས་ལོ་རིམ་ཁག་གི་སློབ་མའི་ཁྲིམས་སྐྱོང་འདུ་ཤེས་དང་། བདེ་འཇགས་འདུ་ཤེས། རྒྱལ་ཁབ་ཀྱི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་བཏང་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།