[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • མི་ཚེའི་འཇོན་ཐང་ངོམ་པའི་གོ་སྐབས་ཡོད་པ་བྱས་པ།

    —— བོད་ལྗོངས་ཀྱི་ལས་རིགས་སློབ་གསོ་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-18

    འདི་ལོའི་ཟླ་9ཚེས་17ཉིན་བར། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་2019ལོའི་སློབ་ཐོན་སློབ་མ་1684ཡི་ནང་ནས་སློབ་མ་1550ལས་ཞུགས་ཐུབ་སྟེ་ལས་ཞུགས་ཐུབ་ཚད་92.04%ཟིན་ནས་ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་པའི་ལོ་མཇུག་གོང་ལས་ཞུགས་ཐུབ་ཚད་90%ཟིན་པ་བྱེད་དགོས་པའི་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད། ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་ཐོན་སློབ་མ་309ཡོད་པའི་ནང་མིག་སྔར་སློབ་མ་296ལས་ཞུགས་ཐུབ་ནས་ལས་ཞུགས་ཐུབ་ཚད་95.79%ཟིན་ཡོད། ལས་ཞུགས་ཐུབ་པའི་སློབ་མ་1550ཡི་ཁྲོད་ཁེ་ལས་དང་ཁྲོམ་ར་བརྒྱུད་ལས་ཞུགས་ཐུབ་ཚད་91%ཟིན་ཡོད་པ་རེད།

    སློབ་གཉེར་ཐོན་ཁུངས་རྒྱ་ཆེར་བཏང་བ།

    ཆེད་ལས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཁྲོམ་ར་དང་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་པ་བྱེད་ཆེད། རང་ལྗོངས་ཀྱི་ལས་རིགས་སློབ་གསོས་ཁྱད་ལྡན་ལེགས་ཆའི་ཆེད་ལས་ཟམ་མི་ཆད་པར་མང་དུ་བཏང་ཡོད། དེང་རབས་ལས་རིགས་སློབ་གསོའི་སྤུས་ཚད་མཐོར་གཏོང་གི་འཆར་གཞི་མུ་མཐུད་ལག་བསྟར་བྱས་ཏེ་ལས་རིགས་སློབ་གླིང་སློབ་གྲྭའི་བཀོད་སྒྲིག་གི་ཚད་གཞི་གཞིར་བཟུང་། ད་ཡོད་ལས་རིགས་སློབ་གླིང་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་དང་སློབ་གཉེར་ཆ་རྐྱེན་ལེགས་སུ་བཏང་སྟེ་ལས་རིགས་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཚང་མ་ཚད་གཞི་ལོན་རྒྱུར་སྐུལ་འདེད་བཏང་ཡོད།

    གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་གཙོ་གནད་ཐོག་ཚད་ལྡན་ཅན་གྱི་ཁྱད་ལྡན་འབྲིང་རིམ་ལས་རིགས་སློབ་གྲྭ་རེ་ཡག་པོ་གཉེར་ཐུབ་པ་བྱེད་པའི་རྨང་གཞིའི་ཐོག ད་ཡོད་སློབ་གྲྭའི་ཉལ་ཁང་གི་ཐོན་ཁུངས་བསྡུ་སྒྲིལ་དང་བེད་སྤྱོད་བྱས་ཏེ་འབྲིང་རིམ་ལས་རིགས་སློབ་གྲྭ་ཁག་གཅིག་སྒྱུར་བཀོད་རྒྱས་སྐྲུན་བྱེད་པ་དང་། ད་ཡོད་སློབ་གྲྭའི་གཞི་ཁྱོན་རྒྱ་ཆེར་གཏོང་བ། ཉིང་ཁྲི་གྲོང་ཁྱེར་གྱི་ལས་རིགས་ལག་རྩལ་སློབ་གྲྭ་འཛུགས་སྐྲུན་བྱེད་པ། ནག་ཆུའི་ལས་རིགས་སློབ་གྲྭ་གཉིས་པ་དང་ཆབ་མདོའི་ལས་རིགས་སློབ་གྲྭ་གཉིས་པའི་སློབ་གྲྭ་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད་གང་མགྱོགས་བཏང་ནས་ལས་རིགས་སློབ་གསོའི་ལས་གཉེར་གྱི་ཐོན་ཁུངས་བརྟན་པོའི་ངང་མང་དུ་བཏང་ཡོད། འབྲིང་རིམ་ལས་རིགས་སློབ་གསོའི་2018ལོའི་སློབ་བསྡུའི་རྨང་གཞིའི་ཐོག་30%མང་དུ་བཏང་བ་དང་བོད་ཀྱི་ལས་རིགས་ལག་རྩལ་སློབ་གླིང་གི་2018ལོའི་སློབ་བསྡུའི་རྨང་གཞིའི་ཐོག་50%མང་དུ་བཏང་ཡོད་པ་རེད།

    ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་བ།

    རང་ལྗོངས་ཀྱིས་སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་རང་འགུལ་ངང་ཁེ་ལས་དང་འབྲེལ་མཐུད་བྱས་པ་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་གྲོས་མཐུན་བཞག་པས། སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་ཆེད་ལས་ཁྱབ་ཚད་60%ཡན་ཟིན་ཡོད། མངགས་ཐོའི་རྣམ་པ་དང་དགེ་ཕྲུག་ལམ་ལུགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་སྤྱད་དེ་ཁེ་ལས་ཀྱི་མི་སྤྱོད་དགོས་མཁོ་གཞིར་བཟུང། སློབ་མ་གསོ་སྐྱོང་གི་ཇུས་གཞི་དང་སློབ་ཚན་གྱི་མ་ལག་གཏན་འཁེལ་བྱས་པ་དང་། ཁེ་ལས་ཀྱི་ལག་རྩལ་དང་ལག་རྩལ་ཤེས་ལྡན་པ་དང་དངོས་སྦྱོང་བྱ་ཡུལ་ལ་བརྟེན་ནས་སློབ་གྲྭ་དང་ཁེ་ལས་ཀྱིས་ཐུན་མོང་ཐོག་སློབ་གསོ་སློབ་ཁྲིད་བྱས་པས། “སློབ་གྲྭར་ཞུགས་པ་ནི་ཁེ་ལས་ལ་ཞུགས་པ་དང་གཉིས་སུ་མེད་པའི”ལས་ཞུགས་བྱེད་སྟངས་མངོན་འགྱུར་བྱུང་ནས་སློབ་མ་ཁ་གཏད་ལས་ཞུགས་ཐུབ་ཚད་མཐོ་རུ་ཕྱིན་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོས་སློབ་མ་སྒྲིག་འཛུགས་བྱས་ནས་ཁེ་ལས་ལ་ལྟ་སྐོར་སློབ་སྦྱོང་བྱེད་པར་བཏང་སྟེ་སློབ་མར་ཁེ་ལས་ལ་ཤེས་ལྡན་མི་སྣ་གང་འདྲ་ཞིག་དགོས་མིན་དང་རྩལ་ནུས་དང་འགན་འཁྲིའི་གལ་ཆེའི་རང་བཞིན་ཤེས་རྟོགས་གཏིང་ཟབ་བྱེད་དུ་བཅུག་ཡོད། ལྟ་སྐོར་བྱེད་རིང་སློབ་མ་ཚོས་སྤྲོ་སེམས་རབ་ཏུ་འཕེལ་བ་དང་རང་ཉིད་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་དམིགས་འབེན་ཞིག་རྙེད་ཡོད།

    ཁྲོམ་ར་དང་གནད་སྨིན་འབྲེལ་མཐུད་བྱས་པ།

    རང་ལྗོངས་ཀྱིས་ལས་རིགས་སློབ་གླིང་དང་སློབ་གྲྭའི་དགེ་རྒན་གྱི་བྱང་ཚད་མཐོ་རུ་གཏོང་བའི་འཆར་གཞི་མུ་མཐུད་ལག་ལེན་བསྟར་བ་དང་། རིག་གནས་སློབ་ཚན་གྱི་དགེ་རྒན་ཕྱོགས་སྒྱུར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ལོ་ལྟར་ཉུང་མཐར་ཡང་ཟླ་གཅིག་རིང་དགེ་རྒན་ཁེ་ལས་སམ་ཡང་ན་དངོས་སྦྱོང་རྟེན་གཞིར་དངོས་སྦྱོང་བྱེད་པ་དང་། ལོ་ལྔ་རེ་དུས་འཁོར་རེར་བརྩིས་ནས་ལས་མི་ཡོངས་རེས་སྐོར་གསོ་སྦྱོང་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱས་ཡོད། ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་དང་ལག་རྩལ་པ་དང་སློབ་གྲྭའི་འགོ་ཁྲིད་དང་རྐང་འཛིན་དགེ་རྒན་ཕན་ཚུན་འགན་གཅིག་ལྕོགས་འཁུར་བའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཡོད། དགེ་རྒན་དཔུང་ཁག་གི་གྲུབ་ཆ་ལེགས་སུ་བཏང་སྟེ་སྒྲིག་གྲངས་མང་དུ་གཏོང་བ་དང་ཕྱི་ནས་གདན་འདྲེན་རྒྱུ་ཟུང་འབྲེལ་གྱི་བྱེད་ཐབས་ཐོག་ནས་ཆེད་བསྐོས་དགེ་རྒན་ཁ་གསབ་འདང་ངེས་བྱས་པ་དང་། “གཏན་འཇགས་ཀྱི་ལས་གནས”དང“སྐོར་སྐྱོད་ལས་གནས”དང་། ཆེད་འགན་དང་ཞོར་འགན་ཟུང་འབྲེལ་གྱི་མི་སྤྱོད་ཐབས་ཤེས་སྤྱད་ཡོད། ཁ་གཏད་བོད་སྐྱོར་དང་ཤར་ནུབ་གཞོགས་འདེགས་སོགས་ཀྱི་ཐབས་ལམ་བརྒྱུད་དགེ་རྒན“ཕན་ཚུན་བརྗེ་རེས་དང་སྤེལ་རེས”བྱེད་པའི་མི་གྲངས་མང་དུ་བཏང་བས། གནས་སྦྱར་སྦྱོང་བརྡར་དང་རྗེས་སྙེགས་སློབ་སྦྱོང་གི་ཕུགས་ཕན་ལམ་སྲོལ་གྲུབ་སྟེ་རང་ལྗོངས་ཀྱི་ལས་རིགས་སློབ་གླིང་གི་ཆེད་ལས་དགེ་རྒན་དཀོན་པའི་དཀའ་གནད་ཞི་ལྷོད་དུ་ཕྱིན་ནས། རང་ལྗོངས་ཀྱི་ལས་རིགས་སློབ་གླིང་དང་སློབ་གྲྭའི་དགེ་རྒན་གྱི་བྱང་ཚད་དང་ཆུ་ཚད་མཐོ་རུ་སོང་ཡོད།

    669871_yis_1571115094374.jpg

    ཉེ་ཆར། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་གཙོ་གཉེར་དང་རྫོང་དང་ཆུས་ཁག་གི་མི་སྤྱི་ཅུས་ཀྱིས་གཉེར་རོགས་བྱས་པའི་2019ལོའི་ལྷ་ས་གྲོང་ཁྱེར་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་གཉེར་ཞིང་། འདི་ནི་རྒྱ་ཟས་གཡོས་སྦྱོར་འགྲན་བསྡུར་ཁྲོད་བདམས་ཐོན་པས་ཚལ་གྲ་སྒྲིག་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།