[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ལྗོངས་སློབ་ཆེན་གྱི་མཐོ་རིམ་ཤེས་ལྡན་པའི་ལས་གཏོད་སྦྱོང་བརྡར་སྒར་སའི་བྱེད་སྒོ་གཉེར་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-18

    མིག་སྔར། བོད་ལྗོངས་སློབ་ཆེན་གྱི“ཕུགས་འདུན་དོན་གཉེར”གྱི་མཐོ་རིམ་ཤེས་ལྡན་པའི་ལས་གཏོད་སྦྱོང་བརྡར་སྒར་སའི་བྱེད་སྒོ་དངོས་སུ་གཉེར་འགོ་ཚུགས་པ་རེད།

    གསར་འགོད་པར་འགོ་ཚུགས་མཛད་སྒོའི་ཐོག་ནས་ཤེས་རྟོཌ་བྱུང་གསལ། ད་ཐེངས་ཀྱི་བྱེད་སྒོ་དེ་ནི་ལྗོངས་སློབ་གསོ་ཐིང་གིས་མཛུབ་ཁྲིད་བྱས་པ་དང་། བོད་ལྗོངས་སློབ་ཆེན་གྱིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་སློབ་ཆེན་གསར་གཏོད་ལས་ཞུགས་ལྟེ་གནས་དང་། བོད་ལྗོངས་སློབ་ཆེན་གྱི“ཕུཌ་འདུན་དོན་གཉེར”ཀུན་གཏོད་བྱ་ཡུལ་གྱིས་ཐུན་མོང་ཐོག་གཉེར་འགན་འཁུར་བ་དང་། དུས་ཡུན་ཉིན་15རེད། དེའི་རིང་། བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་མི་རིཌ་སློབ་ཆེན། བོད་ལྗོངས་བོད་ལུགས་གསོ་རིགས་སློབ་ཆེན། བོད་ལྗོངས་ཞིང་འབྲོག་སློབ་གླིང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ བོད་ལྗོངས་ཉེན་རྟོག་མཐོ་རིམ་སློབ་གྲྭ་བཅས་ཀྱི་སློབ་གྲྭ་ཆེ་མོ་བ་ཚོས་ཁེ་ལས་གཉེར་སྐྱོང་བ་དང་མཉམ་དུ་གསོ་སྦྱོང་ནང་ཞུགས་ནས་བརྟག་ཞིབ་དང་ཉམས་མྱོང་སྤེལ་རེས་བྱ་རྒྱུ་རེད། སྦྱོང་བརྡར་སྒར་སས་སློབ་ཚན་འཁྲིད་རྒྱུ་གཙོ་བོར་བྱེད་པ་དང་། ཞོར་དུ་ཁེ་ལས་ལ་རྟོག་ཞིབ་བྱེད་པ། ལས་རིཌ་རིགས་གཅིག་མཁས་ཅན་གྱིས་འཆད་ཁྲིད་བྱེད་པ། ཁེ་ལས་ཀྱི་དཀའ་གནད་སེལ་བ་བཅས་བྱ་རྒྱུ་རེད། དེའི་དམིགས་ཡུལ་ནི་སློབ་གྲྭ་ཆེ་བ་ཚོ་མིག་སྔའི་ལས་ཞུགས་དུས་བབ་དང་དེ་བས་གང་ལེགས་འཚམ་པར་བྱས་ཏེ་ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ལས་གཏོད་ཀྱི་རྟིང་ཤུགས་ཆེན་པོ་ལྡན་པའི་ལས་གཏོད་པ་གསོ་སྐྱོང་གིས་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་གསར་གཏོད་གསོན་ཤུགས་འཕེལ་བ་དང་གནས་དེ་གའི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།