[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ​ བོད་ཀྱིས་དམངས་བཙུགས་ལས་རིགས་ཀྱི་གསོ་སྦྱོང་སྒྲིག་གཞི་འཕེལ་རྒྱས་ཤུགས་ཆེན་གཏོང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-18

    ཉེ་ཆར། གསར་འགོད་པར་ཤེས་རྟོགས་བྱུང་གསལ། ལས་ཞུགས་སྔོན་སྒྲུབ་ཀྱི་སྲིད་ཇུས་ལག་བསྟར་དེ་བས་ཡག་པ་བྱས་ཏེ་ལས་རིགས་རྩལ་ནུས་གསོ་སྦྱོང་ལས་དོན་ཡག་པོ་སྒྲུབ་པར་སྔར་བས་སྐུལ་འདེད་གཏོང་ཆེད། རང་ལྗོངས་ཀྱིས་དམིགས་སའི་རང་བཞིན་ལྡན་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་ཏེ་དམངས་བཙུགས་ལས་རིགས་ཀྱི་གསོ་སྦྱོང་སྒྲིག་གཞིའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག་ལས་རིགས་རྩལ་ནུས་གསོ་སྦྱོང་གི་འདྲེན་རྟེན་ནུས་པ་འཕེལ་བར་བྱ་རྒྱུ་རེད།

    སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་སློབ་གྲྭ་གཉེར་བ། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས། དངོས་སྦྱོང་རྟེན་གཞི་འཛུགས་སྐྲུན་སོགས་བྱེད་སྟངས་བརྒྱུད། ཁེ་ལས་དང་། ལས་རིགས་མཐུན་ཚོགས། སྤྱི་ཚོགས་རྩ་འཛུགས་སོགས་ཀྱིས་སློབ་གཉེར་དང་། ལས་རིགས་ཀྱི་ཤེས་ལྡན་པར་མཁོ་བའི་ཆ་འཕྲིན་ཡོངས་བསྒྲགས། ལས་ཞུགས་གནས་བབ་དབྱེ་ཞིབ། གསོ་སྦྱོང་མཛུབ་ཁྲིད་སོགས་ལས་དོན་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་མ་གཏོང་རྒྱུ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་ལས་རིགས་རྩལ་ནུས་གསོ་སྦྱོང་དོ་དམ་བྱེད་ཐབས》དོན་འཁྱོལ་བྱས་ཏེ་དམངས་བཙུགས་ལས་རིགས་ཀྱིས་གསོ་སྦྱོང་སྒྲིག་གཞིའི་སློབ་གཉེར་སྤུས་ཚད་ཚོད་སྐོར་མ་ལག་བཟོས་ནས་དམངས་བཙུགས་ལས་རིགས་ཀྱི་གསོ་སྦྱོང་སྒྲིག་གཞིའི་དགེ་འོས་དང་། སྒྲིག་ཆས། ས་ཆ་སོགས་ཀྱི་གཞི་རྩའི་ཆ་རྐྱེན་ནན་ཏུ་གཏོང་བ་དང་ཐོབ་ཐང་ཞིབ་བཤེར་གྱི་ལྷུ་ཚིགས་མེད་པར་བཟོ་བ་དང་ཞིབ་མཆན་འགོད་པའི་གོ་རིམ་སྟབས་བདེར་བཏང་ཐོག སྤྱི་ཚོགས་སྟོབས་ཤུགས་གསོ་སྦྱོང་ཞབས་ཞུའི་ནང་ཞུགས་རྒྱུ་ཚད་ལྡན་བཟོ་བ་དང་ཁྲིད་སྟོན་བྱ་རྒྱུ་རེད།

    ཁེ་གཉེར་རང་བཞིན་མིན་པའི་དམངས་བཙུགས་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། ས་ཆ་དབྱེ་བ་དང་། འཆར་འགོད་འཛུགས་སྐྲུན། དངུལ་རྩའི་རོགས་སྐྱོར། སྒྲིག་བཀོད་ཞིབ་མཆན། རྣམ་གྲངས་རེ་ཞུ། བྱ་དགའ་དཔྱད་གདེང་སོགས་ཐད་རིམ་བཞིན་གཞུང་བཙུགས་སློབ་གྲྭ་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་འབྲེལ་གཏན་འབེབས་ལྟར་འབྲེལ་ཡོད་ཁྲལ་གྲོན་རྩ་ཆག་དང་ཆག་ཡང་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་རེད། གྲོང་ཁྱེར་དང་ས་ཁུལ་དང་། རྫོང་དང་ཆུས་ལ་སྤྱི་ཚོགས་གསོ་སྦྱོང་སྐྱེད་སྲིང་དང་། འཕེལ་རྒྱས། སྟོབས་ཆེར་བཅས་གཏོང་རྒྱུར་སྐུལ་མ་བཏང་ནས་གསོ་སྦྱོང་སྒྲིག་གཞིར་སྤྱི་ཚོགས་ཅན་གྱི་སློབ་བསྡུར་ཁྲིད་སྟོན་བྱས་ཐོག་གསོ་སྦྱོང་ནང་ཞུགས་མཁན་གྱིས་གསོ་སྦྱོང་སྒྲིག་གཞི་རང་བརྟེན་ངང་འདེམས་པའི་ཁ་གསབ་སྤྲོད་ཐབས་འཚོལ་ཞིབ་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།