[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་གྱིས་བསམ་འཆར་བཏོན་ནས།

    སྔར་བས་དྲང་གཞག་དང་སྤུས་ཚད་མཐོ་བའི་སློབ་གསོ་མཁོ་འདོན་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-18

    ཉིན་ཤས་གོང་ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས《དུས་རབས་གསར་པར་སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམས་པ་རེད།

    《བསམ་འཆར》ནང་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་གི་གཞི་རྩའི་ལས་འགན་དོན་འཁྱོལ་ལ་དམ་པོར་དམིགས་ཏེ་སྤུས་ཚད་མཐོར་གཏོང་དང་། དྲང་གཞག་ལ་སྐུལ་གཏོང་། གསོན་ཤུཌ་འཕེལ་བ། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་དམིཌ་ཚད་དུ་བྱས་ཏེ་ཤེས་ལྡན་མི་སྣ་གསོ་སྐྱོང་གི་བྱ་ཐབས་སྒྱུར་བཅོས་དང་། སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་འོས་འཚམ། དགེ་རྒན་དོ་དམ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སློབ་གསོ་འགན་ལེན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་གཙོ་གནད་དུ་བྱས་ནས་སློབ་གསོ་འཕེལ་རྒྱས་འགྲོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་མེད་པར་བཟོས་པ་རེད།

    《བསམ་འཆར》ཧྲིལ་པོར་ཡིག་འབྲུ་7000ལྷག་ཙམ་ཡོད་པ་དང་། གཙོ་བོ་ཆ་ཤས་གསུམ་གྱི་ཐོག་ནས་ཞིབ་ཕྲའི་བྱ་ཐབས་ཁག་25གསལ་པོར་བསྟན་པ་སྟེ། ཆ་ཤས་དང་པོར་གཙོ་བོ་མཛུབ་ཁྲིད་ཀྱི་དགོངས་པ་དང་གཞི་རྩའི་རྩ་དོན། སྒྱུར་བཅོས་ཀྱི་དམིགས་ཚད་བཅས་ནང་དོན་ཕྱོགས་གསུམ་ཚུད་ཡོད། ཆ་ཤས་གཉིས་པར་གཙོ་བོ་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་བྱས་ནས་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུཌ་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་པ། གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་བྱ་ཐབས་སྒྱུར་བཅོས་བྱས་ནས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཕྱོཌ་ཡོངས་ནས་གོང་མཐོར་གཏོང་བ། སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ཡག་པོ་བྱས་ནས་སློབ་གསོ་སྔར་བས་དྲང་གཞག་ཡོང་བར་སྐུལ་མ་གཏོང་བ། སློབ་གསོ་དོ་དམ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དགེ་རྒན་གྱི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དར་སྤེལ་སོགས་ཕྱོགས་བཞིའི་ནང་དོན་ཚུད་ཡོད། ཆ་ཤས་གསུམ་པར་ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་འཁྲིད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་རེད། མིག་སྔར《བསམ་འཆར》གྱི་མ་ཟིན་དང་ཟུང་འབྲེལ་བྱས་ཏེ《ཉིང་ཁྲི་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་བའི་ལྕག་སྐུལ་བྱ་ཐབས(བཟོ་བཅོས་འཆར་ཟིན)》སོགས་ལེ་ལག་ཚང་བའི་ཡིག་ཆ་7རགས་ཙམ་གྲུབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།