[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཡན་ལག་དངུལ་ཁང་གིས་ཞིང་འབྲོག་པའི་བོད་ཟས་གཡོས་སྦྱོར་རྩལ་ནུས་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-15

    ཉིན་ཤས་གོང་། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཡན་ལག་དངུལ་ཁང་གིས་དངུལ་བཏང་ནས་རྣམ་གླིང་རྫོང་ཐོབ་རྒྱལ་ཤང་དུ་ཞིང་འབྲོག་པའི་བོད་ཟས་གཡོས་སྦྱོར་རྩལ་ནུས་གསོ་སྐྱོང་འཛིན་གྲྭ་སྐབས་དང་པོ་དངོས་སུ་སློབ་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲས་ཐོབ་རྒྱལ་ཤང་གི་སྒང་དགའ་དང་། དཔེ་གསར། སྨོན་མཁར། ལྡིང་ཕུ། བྲལ་སྣ་བཅས་བཅའ་སྡོད་གྲོང་ཚོ་5ཡི་དུད་ཚང་301གི་གྲོང་མི་ཁྱོན་2224ལ་ཕན་པ་ཐོབ་ཡོད། གསོ་སྦྱོང་གི་ཕན་འབྲས་དངོས་འབྲེལ་འགན་ལེན་བྱ་ཆེད། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཡན་ལག་དངུལ་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་གིས་བོད་ལྗོངས་དེང་རབས་ཞབས་ཞུའི་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭའི་དགེ་རྒན་གདན་དྲངས་ཏེ་དུས་ཡུན་ཉིན་10རིང་གི་བོད་ཟས་གཡོས་སྦྱོར་རྩལ་ནུས་གྱི་ཆེད་དོན་གསོ་སྦྱོང་བྱས་པ་རེད། གསོ་སྦྱོང་བྱེད་སྐབས་ཐོབ་རྒྱལ་ཤང་གི་གནས་དེ་གའི་ལྷད་མེད་ཞོག་ཁོག་དང་། བོད་བྱའི་སྒོ་ང་། མར། ཚགས་ཤ རྩམ་པ་སོགས་ཁྱད་ལྡན་བཟའ་བཅར་གཞིགས་ནས། བཅུད་ལྡན་བཟའ་བཅའི་རིག་གནས་འཆད་ཁྲིད་དང་། གོ་རིམ་སྟོན་པ། ལག་ལེན་བཀོལ་སྤྱོད། ཕྱོགས་སྡོམ་ཞིབ་བཤེར་རྩིས་ལེན་བཅས་ཁག་བཞི་ལ་དབྱེ་ནས། གྲོང་ཚོ་ཡོངས་ཀྱི་གྲོང་མིའི་ཁྲོད་ནས་སློབ་མ་67བདམས་ཏེ། ཇ་མངར་མོ་དང་། བོད་ཐུག ཤ་འབྲས། ཚགས་ཤའི་གྲང་ཚལ། མོག་རོ་དང་སྒོ་ང་རྔོ་སྟངས་སོགས་ཁྱད་ལྡན་ཚལ་བཟོ་སྟངས་སློབ་ཁྲིད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།