[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • སྤྲོ་སྣང་ལྡན་པའི་དབྱར་གསེང་རིང་། སློབ་མའི་ཚོགས་རྣམས་དགའ་བདེར་རོལ།

    བོད་ཀྱི་སློབ་མའི་དབྱར་གསེང་གི་འཚོ་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-09

    res04_attpic_brief.jpg

    འདི་ནི་དབྱར་ཁའི་གུང་གསེང་སྐབས་བོད་ལྗོངས་སློབ་ཆེན་ཆུ་རྐྱལ་ཁང་དུ་རྩལ་ཁྲིད་དགེ་རྒན་གྱིས་སློབ་མར་ཆུ་རྐྱལ་སློབ་བཞིན་པ།

    སློབ་མཇུག་ཡིག་རྒྱུགས་མཇུག་འགྲིལ་རྗེས་སློབ་དུས་གཅིག་རིང་སློབ་ལ་འབད་པའི་ཕྲུ་གུ་རྣམས་གུང་གསེང་སྐྱིད་པོ་ཞིག་གཏོང་ཆོག་གི་ཡོད། ཡིན་ནའང་ཁྱིམ་བདག་གི་ངོས་ནས་བརྗོད་ན་དབྱར་གསེང་ནི་ཡི་མུག་པའི་དུས་ཤིག་རེད། གང་འདྲ་བྱས་ན་གཞི་ནས་ཕྲུ་གུས་སྐྱིད་སྣང་དོད་ལ་དོན་སྙིང་ལྡན་པའི་གུང་གསེང་ཞིག་གཏོང་ཐུབ་མིན་ནི་ཁྱིམ་བདག་མང་པོ་ཞིག་གིས་གྲོས་བསྡུར་བྱེད་པའི་གླེང་གཞི་ཞིག་རེད།

    སྔོན་ཚུད་ནས་འཆར་འགོད་དང་བཀོད་སྒྲིག་ལུགས་མཐུན་བྱེད་པ།

    ཁྱིམ་བདག་ཚོ་ཉིན་ལྟར་ལས་ཀ་དང་འཚོ་བའི་ཆེད་དུ་བྲེལ་བརྩོན་ཆེན་པོ་ཡོད་པ་དང་ཆབས་ཅིག ད་དུང་དུས་ཚོད་དང་སེམས་ནུས་གང་ལ་གང་འཚམ་བཏོན་ནས་ཕྲུ་གུའི་དབྱར་གསེང་ལ་དོ་ཁུར་བྱེད་དགོས་ཀྱི་ཡོད། དབྱར་གསེང་རིང་ཕྲུ་གུ་ཚོ་ལྷོད་ལ་བབས་པར་བྱེད་དགོས་པ་དང་དུས་མཚུངས་ཕྲུ་གུར་འཚོ་བ་དང་སློབ་སྦྱོང་གི་གོམས་གཤིས་བཟང་པོ་ཞིག་འཇགས་པར་བྱེད་དགོས་ལ། ཕྲུ་གུ་ཚོས་དུས་ཐོག་ཏུ་རང་འགུལ་ངང་ངལ་གསོ་རྒྱག་པའི་གོམས་གཤིས་ཀྱང་འཇགས་པར་བྱེད་དགོས།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧའེ་ཏན་སློབ་ཆུང་གི་དགེ་རྒན་སྐལ་བཟང་གིས་སློབ་ཆུང་སློབ་མའི་སློབ་སྦྱོང་གི་ཁུར་པོ་ཅུང་ཡང་བས་ཕྲུ་གུ་ཚོས་དབྱར་གསེང་རིང་སློབ་སྦྱོང་བྱེད་པའི་ཞོར་ལ་རྩེད་འཇོར་རོལ་ཆོག ཡིན་ནའང་ཕྲུ་གུར་བརྙན་འཕྲིན་དང་། ཁ་པར། གློག་ཀླད་སོཌ་གློག་རྡུལ་སྒྲིག་ཆས་ལ་དབྱིངས་ཚུད་དུ་འཇུག་མི་རུང་། ཚད་དང་ཚོད་མེད་པར་ཕྲུ་གུར་གློག་རྡུལ་སྒྲིག་ཆས་རྩེད་བཅུག་ན་སློབ་ཆུང་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་གནོད་འཚེ་ཆེན་པོ་ཡོད། ཁྱིམ་བདག་ཚོས་དབྱར་གསེང་རིང་ཕྲུ་གུའི་དགའ་ཕྱོགས་ཤེས་རྟོགས་དང་སྐྱེད་སྲིང་བྱས་ཏེ་དམིགས་ས་ཡོད་པའི་སྒོ་ནས་ཕྲུ་གུ་དགའ་ཕྱོགས་འཛིན་གྲྭར་སྐྱེལ་ཆོག་ཅེས་བཤད།

    སེམས་པ་ལྷོད་ལ་འབབ་རྒྱུ་གཙོ་བོར་བཟུང་ནས་དགའ་ཕྱོགས་སྐྱེད་སྲིང་བྱེད་པ།

    ཉེ་ཆར། གསར་འགོད་པ་ལྷ་ས་གྲོང་ཁུལ་གྱི་སློབ་གསོ་གསོ་སྦྱོང་སྒྲིག་གཞི་མང་པོ་ཞིག་ཏུ་བཅར་འདྲིར་བསྐྱོད་པ་ཡིན། ཤེས་རྟོགས་བྱུང་བར་གཞིགས་ན། དབྱར་གསེང་ནི་ཆུ་རྐྱལ་སྦྱོང་མཁན་སློབ་མ་མང་བའི་དུས་ཡིན་ཞིང་། ཁྱིམ་བདག་མང་པོ་ཞིག་གིས་ཚ་གདུག་ཆེ་བའི་དབྱར་ཁར་ཕྲུ་གུ་ཆུ་རྐྱལ་སྦྱོང་བའི་འཛིན་གྲྭར་བསྐྱལ་ནས་ཆེད་ལས་རྩལ་ཁྲིད་པའི་མཛུབ་ཁྲིད་འོག་ཆུ་རྐྱལ་སྦྱོང་གི་ཡོད། བོད་ལྗོངས་སློབ་ཆེན་གྱི་ཆུ་རྐྱལ་ཁང་དུ་ཁྱིམ་བདག་མང་པོ་ཞིག་གིས་ཕྲུ་གུ་ཁྲིད་དེ་ཆུ་རྐྱལ་རྒྱག་པ་དང་། ཡང་ཁྱིམ་བདག་ཁག་གཅིག་གིས་ཕྲུ་གུ་དང་མཉམ་དུ་ཆུ་རྐྱལ་སྦྱོང་བའི་འཛིན་གྲྭར་མིང་ཐོ་འགོད་པ་གསར་འགོད་པས་མཐོང་བྱུང་། “ང་ན་ནིང་ནས་ཆུ་རྐྱལ་སྦྱངས་འདོད་བྱུང་། འདི་ལོའི་དབྱར་གསེང་ལ་ཨ་མ་ལགས་ཀྱིས་ཆུ་རྐྱལ་སྦྱོང་བའི་འཛིན་གྲྭར་བཏང་བས་བསམ་འདུན་གྲུབ་སོང་། ངས་འདི་གར་ཆུ་རྐྱལ་རྒྱག་སྟངས་ཤེས་པ་མ་ཟད་ད་དུང་གྲོགས་པོ་གསར་པ་མང་པོ་ངོ་ཤེས་བྱུང”ཞེས་སློབ་མ་ནོར་བུས་དགའ་སྤྲོའི་ངང་བཤད།

    “ངའི་རྐང་པ་རྨས་ཡོད་པས་རྒྱུན་དུ་འགྲོ་སྐྱོད་བདེ་པོ་མི་འདུག ཉེ་ཆར་མིག་ན་ནས་གདངས་ཐུབ་ཀྱི་མི་འདུག ད་ཐེངས་ཆེད་མངགས་རུས་ནད་ཚན་ཁག་དང་མིག་ནད་ཚན་ཁག་ནས་རིན་མི་དགོས་པར་སྨན་མང་པོ་སྤྲད་བྱུང་བས། ནད་གཞི་དྲག་སྐྱེད་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་ཟླ་བ་མཚོ་མོས་བརྗོད།

    “སྐབས་ཤིག་རིང་ཆར་པ་མ་བབས་པས་གནམ་གཤིས་སྐམ་ཤས་ཆེན་པོ་ཡོད་རྐྱེན་གློ་བུར་དུ་ངའི་མགྲིན་པ་བདེ་པོ་མི་འདུག ད་ཐེངས་འོས་འགན་སྨན་བཅོས་ལ་ཞུགས་ཏེ་ཨང་ཀི་བཀག་མི་དགོས་པར་ནད་བསྟེན་པ་དང་སྨན་སྤྲད་བྱུང་བས། དངུལ་གྲོན་ཆུང་ཐུབ་ལ་དུས་ཚོད་ཀྱང་འཕྲོ་བརླག་ཕྱིན་མ་སོང”ཞེས་སྣེ་གདོང་ཆུས་སྐྱེད་པ་ཤང་རྡོ་རགས་གྲོང་ཚོའི་གྲོང་མི་བསོད་ནམས་ནོར་བུས་བརྗོད།

    “མི་དམངས་ལ་ཞབས་འདེགས་ཞུ་ཞེས་པ་ནི་འབོད་ཚིག་ཅིག་མིན་པ་དང་བདེ་ཐང་ནི་དམངས་འཚོའི་དགོས་མཁོ་རེད། ང་ཚོས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་དོན་ནི་སྨན་ཁང་གིས་གང་ཐུབ་ཅི་ཐུབ་ཀྱིས་མང་ཚོགས་སྨན་པ་བསྟེན་པར་སྟབས་བདེ་བསྐྲུན་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་ཆེད་ཡིན”ཞེས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་ཝུའུ་ཞའོ་ལིས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།