[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • འདི་ལོ་བོད་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ཁྲོད་ནས་གྲོང་གསེབ་དར་རྒྱས(སྡེ་ཁུལ་ལས་དོན)ཀྱི་ཆེད་སྒྲུབ་མི་གྲངས་5399གདན་ཞུ་བྱ་རྒྱུའི་འཆར་གཞི་ཡོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-09

    གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་དཔུང་ཁག་གི་གྲུབ་ཆ་ལེགས་སྒྲིག་བྱེད་པ་དང་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ལས་ཀའི་ཆུ་ཚད་མཐོ་རུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། རང་ལྗོངས་ཀྱིས་ཉེ་དུས་2019ལོའི་གཞུང་ལས་པའི(བྱ་གཞག་ཚན་པའི་ལས་དོན་མི་སྣ)ཡོངས་བསྒྲགས་རྒྱུགས་བསྡུ་ཁག་དང་པོ་དང་གཉིས་པའི་ནང་རྒྱུགས་ལོན་མེད་པའི་མཐོ་སློབ་སློབ་ཐོན་སློབ་མའི་ཁྲོད་ནས་གྲོང་གསེབ་དར་རྒྱས(སྡེ་ཁུལ་ལས་དོན)ཀྱི་ཆེད་སྒྲུབ་མི་གྲངས་5399གདན་ཞུ་བྱ་རྒྱུ་རེད། གྲོང་གསེབ་དར་རྒྱས(སྡེ་ཁུལ་ལས་དོན)ཀྱི་ཆེད་སྒྲུབ་གདན་ཞུ་བྱེད་ཡུན་ལོ་3(ལས་ཚོད་ལྟ་བའི་དུས་ཡུན་ཟླ་བ་3ཚུད་པ)ཡིན་པ་དང་ལས་ཁུངས་དང་བྱ་གཞག་ཚན་པའི་མི་སྣའི་སྒྲིག་ཁུངས་ནང་མི་ཚུད་ནའང་རྒྱལ་ཁབ་ཀྱི་གཞི་རྩའི་གླ་ཆ་དང་། ལས་རྗེས་དཔྱད་ཞིབ་བྱ་དགའ། འགན་བཅོལ་སོགས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་པ་རེད།

    གདན་ཞུའི་ཞིབ་ཕྲའི་གནས་ཚུལ་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་ཆ་འཕྲིན་དྲ་བ(དྲ་ཚིགས། http﹕//hrss.xizang.gov.cn)དང་བོད་ལྗོངས་ཆེད་ཚན་སློབ་གྲྭ་ཆེ་མོ་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་ལས་ཞུགས་ལས་གཏོད་ཆ་འཕྲིན་དྲ་བའི(དྲ་ཚིགས། http﹕//jyzd.xzeduc.cn)ཐོག་བཏོན་པའི《བོད་རང་སྐྱོང་ལྗོངས་ཀྱི་2019ལོའི་གྲོང་གསེབ་དར་རྒྱས(སྡེ་ཁུལ་ལས་དོན)ཀྱི་ཆེད་སྒྲུབ་གདན་ཞུ་བྱེད་པའི་སྤྱི་བསྒྲགས》ནང་བཀོད་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།