[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཅང་སུའུ་པེན་ཉིའུ་མཐོ་རིམ་སློབ་འབྲིང་གིས“ཁྱིམ་སློབ་མཉམ་ལས་ཀྱིས། འབྱུང་འགྱུར་དོན་དུ་གཉེར”ཞེས་པའི་བྱེད་སྒོ་ལྷ་སར་གཉེར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-10

    ཉེ་ཆར། ཅང་སུའུ་པེན་ཉིའུ་མཐོ་རིམ་སློབ་འབྲིང་གིས་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་མཉམ་དུ་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་མ་དབྱར་ཁའི་གུང་གསེང་ལ་བོད་དུ་ལོག་པའི་གོ་སྐབས་སྤྱད་དེ“ཁྱིམ་སློབ་མཉམ་ལས་ཀྱིས། འབྱུང་འགྱུར་དོན་དུ་གཉེར”ཞེས་པའི་བྱེད་སྒོ་གཉེར་བ་རེད།

    བྱེད་སྒོ་སྤེལ་སྐབས་སློབ་མ་བསྟན་འཛིན་ཀུན་བཟང་སོགས་ཀྱིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་རིང་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ཏེ་ཏང་གི་བཀའ་དྲིན་དང་། འཕེལ་རྒྱས། བོད་གསར་རྙིང་བཅས་གླེང་བ་མ་ཟད། གོ་སྐབས་རྩ་ཆེན་དམ་འཛིན་གྱིས་སློབ་སྦྱོང་ཡག་པོ་བྱས་ཏེ་དུས་རབས་གསར་པར་གོ་ཆོད་པའི་ཤེས་ལྡན་པ་ཞིག་བྱེད་རྒྱུ་ཡིན་ཞེས་ཀྱང་བརྗོད་པ་རེད།

    ཅང་སུའུ་ཞིང་ཆེན་པེན་ཉིའུ་མཐོ་རིམ་སློབ་འབྲིང་གི་སློབ་སྤྱི་གཞོན་པ་ཧོང་ཝེ་ཝུན་གྱིས་ནང་སའི་འཛིན་གྲྭའི་ལེགས་ཆ་བཏོན་ཏེ་བོད་ལ་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་པ་དང་ཆབས་ཅིག རྒྱ་བོད་གཞོན་ནུ་མཉམ་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་སྤྱད་དེ་རྒྱ་བོད་མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཐོག་སེ་འབྲུའི་འབྲུ་གུ་བཞིན་དུ་དམ་པོར་སྦྲེལ་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུ་ཡིན་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།