[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་བོད་ལྗོངས་མི་རིགས་སློབ་ཆེན་གྱིས།

    ​ པུའུ་དང་སློབ་གྲྭའི་དབར་གསར་འགྱུར་དང་ཁྱབ་སྤེལ་སློབ་གླིང་མཉམ་སྐྲུན་གྱི་ལས་འཛིན་ལྷན་ཚོགས་སྐབས་དང་པོ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-06

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་པུའུ་དང་སློབ་གྲྭའི་དབར་གསར་འགྱུར་དང་ཁྱབ་སྤེལ་སློབ་གླིང་མཉམ་སྐྲུན་གྱི་ལས་འཛིན་ལྷན་ཚོགས་སྐབས་དང་པོའི་ཚོགས་འདུ་བོད་ལྗོངས་མི་རིགས་སློབ་ཆེན་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་པུའུ་སློབ་མཉམ་སྐྲུན་ལས་དོན་གྱི་འཕེལ་རིམ་བརྡ་ཁྱབ་བཏང་བ་དང་། ལས་འཛིན་ལྷན་ཚོགས་ཀྱི་མཚན་ཐོ་དང་ལས་འཛིན་ལྷན་ཚོགས་ཀྱི་འགན་འཁྲིར་གྲོས་འཆམ་བྱས་པ་མ་ཟད། དུས་མཚམས་རྗེས་མའི་མཉམ་སྐྲུན་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ལས་འཛིན་ལྷན་ཚོགས་བཙུགས་པ་དེ་གོ་སྐབས་སུ་བྱས་ནས་སློབ་གྲྭ་དང་པུའུ་དབར་གྱི་མཉམ་སྐྲུན་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། གསར་འགྱུར་གྱི་ཕུལ་བྱུང་ཤེས་ལྡན་པའི་2.0འཆར་གཞི་དང་། “ཕུལ་བྱུང་དྲུག་དང་རྩེར་སོན་གཅིག་གི་ཤེས་ལྡན་པ”གསོ་སྦྱོང་འཆར་གཞིའི་སྐོར་གྱི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སློབ་གསོ་པུའི་བསམ་འཆར་དང་། རང་སྐྱོང་ལྗོངས་ཀྱི་པུའུ་སློབ་མཉམ་སྐྲུན་གྱི་ལས་ཀའི་བླང་བྱ་གཞིར་བཟུང་། “བོད་ལྗོངས་སྨྱན་སྦྱོར་མཉམ་འདྲེས་དངོས་སྦྱོང་ལྟེ་གནས”འཛུགས་སྐྲུན་བྱ་རྒྱུ་ཚད་བརྒལ་བྱེད་སར་བྱེད་པ་དང་། རྩེར་སོན་གྱི་ཆེད་ལས་འཛུགས་སྐྱོང་བྱ་རྒྱུ་ལྟེ་གནས་སུ་བྱས་ཏེ་ཚན་རིག་དང་མཐུན་པའི་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། ཐོན་སློབ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་ཁོང་དུ་ཆུད་པ་དང་ཀུན་འདུས་སྨྱན་སྦྱོར་གྱི་ཁྱབ་སྤེལ་ནུས་པ་ལྡན་པའི་དེང་རབས་གསར་འགྱུར་ཁྱབ་སྤེལ་ཤེས་ལྡན་པ་གསོ་སྦྱོང་བྱེད་པ་བཅས་ཀྱི་ཐོག་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་གསར་འགྱུར་ཁྱབ་སྤེལ་ཁྱབ་ཁོངས་ཀྱི་ཤེས་ལྡན་པའི་རྒྱབ་སྐྱོར་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།