[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་དུག་རྫས་གཏན་འགོག་དང་ཨེ་ཙིའི་ནད་སྔོན་འགོག་གི་ཤེས་བྱ་འགྲན་བསྡུར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-05

     སློབ་གྲྭའི་དུག་འགོག་དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་ཐང་དང་བདེ་འཇགས་ཀྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་ཆེད། ཉེ་ཆར། སློབ་ཆེན་སློབ་མའི་དུག་རྫས་གཏན་འགོག་དང་ཨེ་ཙིའི་ནད་སྔོན་འགོག་གི་ཤེས་བྱ་འགྲན་བསྡུར་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་བྱས་པ་རེད།

    སློབ་མ་500ཙམ་ད་རེས་ཀྱི་འགྲན་བསྡུར་ལ་ཞུགས་ཤིང་། འགྲན་བསྡུར་གྱི་ནང་དོན་གྲས་སུ་རྒྱུན་མཐོང་གི་དུག་རྫས་ཐོན་སྐྱེད་དང་། རིགས་སྣ། གནོད་འཚེ་གསུམ་དང་། དུག་རྫས་གཏན་འགོག་གི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས། ཨེ་ཙིའི་ནད་འགོས་ལམ་དང་། གནོད་འཚེ། སྨན་བཅོས་བྱེད་ཐབས། དེ་བཞིན་སྔོན་འགོག་སོགས་ཚུད་ཡོད། གཞན་ཡང་བྱེད་སྒོ་སྤེལ་རིང་ད་དུང་མིག་སྔའི་རང་རྒྱལ་གྱི་དུག་རྫས་གཏན་འགོག་དང་ཨེ་ཙིའི་ནད་སྔོན་འགོག་གི་དྲིལ་བསྒྲགས་ལས་དོན་སྤེལ་ཚུལ་སྐོར་གྱི་ཤེས་བྱ་ཚོད་རྒྱུགས་བཏང་བ་དང་། རྒྱུགས་སྤྲོད་སློབ་མས་ལན་རྒྱག་པའི་བརྒྱུད་རིམ་ཁྲོད་རང་རྒྱལ་གྱི་དུག་རྫས་གཏན་འགོག་དང་ཨེ་ཙིའི་ནད་སྔོན་འགོག་གི་ལས་དོན་བསྐྱར་དུ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཤེས་རྟོགས་དང་སློབ་སྦྱོང་བྱེད་ཆོག་གི་ཡོད། འཆར་གཞི་ལྟར་ན། ད་རེས་ཀྱི་ཤེས་བྱ་འགྲན་བསྡུར་ལ་ཕུལ་བྱུང་སློབ་མ་10བདམས་ཏེ་སློབ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་དུག་རྫས་གཏན་འགོག་དང་ཨེ་ཙིའི་ནད་སྔོན་འགོག་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་པར་གཏོང་རྩིས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།