[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཧུའུ་པེས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-14

    2012ལོ་ནས་བཟུང་། བྱ་གཞག་ལས་གནས་140ལྷག་ཙམ་དང་། གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་ཀྱི་ལས་གནས་8900མཁོ་འདོན་བྱས་པ།

    ཉེ་བའི་ལོ་ཤས་རིང་། ཧུའུ་པེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་ལྟ་རྟོག ཀུན་གཏོད་ལ་སྐུལ་འདེད་བཅས་ཀྱི་མཐོ་ཚད་ནས་བརྩེ་སེམས་དང་། བློ་རིག ནུས་ཤུགས་བཅས་བཏོན་ཏེ་ཐབས་མང་མཉམ་སྤྱོད་ཀྱིས་ཐེམ་ཐོ་བོད་ནས་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ཡག་པོ་བསྒྲུབས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་རེད།

    སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2016ལོ་ནས་བཟུང་། ཝུའུ་ཧན་གྲོང་ཁྱེར་གྱིས་ཐེམ་ཐོ་བོད་དང་ཤིན་ཅང་ནས་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་400ལ་སྤྲོད་ཐེངས་གཅིག་ལ་ལས་འཚོལ་ཁ་གསབ་དངུལ་སྒོར་ཁྲི་32སྤྲད་པ་རེད།

    ཁ་ཕྱོགས་གཏན་འཁེལ་གྱིས་གདན་ཞུ་བྱས་ཤིང་། ལོ་ལྟར་བྱ་གཞག་ཚན་པའི་ལས་གནས་20དང་། གཞུང་ཁོངས་ཁེ་ལས་ཀྱི་ལས་གནས་100ལས་མི་ཉུང་བ་མཁོ་འདོན་བྱས་ཏེ་ཐེམ་ཐོ་བོད་ནས་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ཧུའུ་པེར་ལས་ཀར་བསྡུས་ཡོད། 2019ལོའི་ཟླ་5པའི་བར། ཐེམ་ཐོ་བོད་ནས་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་རིམ་རྩིས་བརྒྱབ་ན་ལས་གནས་རྩེ་གྲ་1600ལྷག་ཙམ་མཁོ་འདོན་བྱས་པར་ཐེམ་ཐོ་བོད་ནས་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་100ལྷག་ཙམ་ཧུའུ་པེར་ལས་ཞུགས་ཐུབ་པ་རེད།

    བསྡོམས་རྩིས་བརྒྱབ་པར་གཞིཌ་ན། 2012ལོ་ནས་བཟུང་། ཧུའུ་པེ་ཞིང་ཆེན་གྱིས་ཧུའུ་པེའི་ཁེ་ལས་675ལ་མཐུན་སྦྱོར་བྱས་ནས་བོད་དང་ཞིང་ཆེན་ནང་ཁུལ་གྱི་ཆེད་ཚན་སློབ་གྲྭ་དང་དེ་བཞིན་མི་རིགས་ས་ཁུལ་གྱི་ཆེད་ཚན་སློབ་གྲྭའི་ལོ་དེ་གའི་མཐོ་སློབ་སློབ་ཐོན་སློབ་མ་ཁ་ཕྱོགས་གཏན་འཁེལ་གྱིས་བསྡུས་པ་མ་ཟད་བྱ་གཞག་ལས་གནས་140ལྷག་ཙམ་དང་། གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་རྩེ་གྲའི་ལས་གནས་8900མཁོ་འདོན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།