[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཇོ་མོ་གླང་མའི་ཁེ་ལས་མཁས་ཅན་སྦྱོང་བརྡར་སྒར་སས་བོད་ལྗོངས་སློབ་ཆེན་དུ་སློབ་ཁྲིད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-13

    ཉེ་ཆར། བོད་ལྗོངས་སློབ་ཆེན་དང་ལྷོ་ནུབ་ནོར་དཔལ་སློབ་ཆེན་གྱིས་མཉམ་དུ་སྤེལ་བའི་སྤྱི་ཕན་རང་བཞིན་གྱི་གསོ་སྦྱོང་རྣམ་གྲངས་དེ་ཇོ་མོ་གླང་མའི་ཁེ་ལས་མཁས་ཅན་སྦྱོང་བརྡར་སྒར་སས(དུས་ཐེངས་གསུམ་པ)བོད་ལྗོངས་སློབ་ཆེན་དུ་སློབ་ཁྲིད་བྱས་པ་རེད།

    ཇོ་མོ་གླང་མའི་ཁེ་ལས་མཁས་ཅན་སྦྱོང་བརྡར་སྒར་སས(དུས་ཐེངས་གསུམ་པ)མི་100བསྡུ་རྩིས་ཡོད་པ་དང་། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་དང་ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་གྱིས་སློབ་མ་འོས་སྦྱོར་བྱས་པ་དང་། བོད་ལྗོངས་སློབ་ཆེན་དང་ལྷོ་ནུབ་ནོར་དཔལ་སློབ་ཆེན་གྱིས་མཉམ་དུ་ངོ་རྒྱུགས་བླངས་ནས་ཆ་རྐྱེན་དང་འཚམ་པའི་སློབ་མར་གྲངས་འབོར་ཚང་བའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲོད་པ་དང(སློབ་ཡོན་དང་སློབ་དེབ་དང་དཔྱད་གཞིའི་འགྲོ་གྲོན་ཚུད་པ)སློབ་ཡོན་སྤྲོད་མི་དགོས་པར་གསོ་སྦྱོང་ལ(བཟའ་བཅའ་དང་ཉལ་ཁང་དང་འགྲིམ་འགྲུལ་གྲོན་དངུལ་སློབ་མ་རང་ཉིད་ཀྱིས་སྤྲོད་དགོས་པ)ཞུགས་ཆོག་གི་ཡོད།

    2017ལོར་བོད་ལྗོངས་སློབ་ཆེན་དང་ལྷོ་ནུབ་ནོར་དཔལ་སློབ་ཆེན་གྱིས་མཉམ་དུ་ཇོ་མོ་གླང་མའི་ཁེ་ལས་མཁས་ཅན་སྦྱོང་བརྡར་སྒར་སའི་སྤྱི་ཕན་རྣམ་གྲངས་སྤེལ་བ་དེ་ནི་མིག་སྔར་རང་ལྗོངས་ཀྱི་མཐོ་སློབ་གཉིས་ཀྱིས་མཉམ་དུ་སྤེལ་བའི་སྤྱི་ཕན་རང་བཞིན་གྱི་ཁེ་ལས་མཁས་ཅན་གྱི་གསོ་སྦྱོང་རྣམ་གྲངས་གཅིག་པུ་དེ་ཡིན་པ་དང་། དེའི་དམིགས་ཡུལ་ནི་བོད་ཀྱི་ཡུལ་འདི་གའི་ཕུལ་བྱུང་ཁེ་ལས་མཁས་ཅན་ལ་ཚོང་ལས་དོ་དམ་སློབ་གསོ་དེ་བས་མང་བ་མཁོ་འདོན་བྱེད་པ་དང་། དུས་ཐེངས་དང་པོ་དང་གཉིས་པའི་སྦྱོང་བརྡར་སྒར་སར་སློབ་མ་185གསོ་སྦྱོང་ལ་ཞུགས་ཡོད་པ་དང་སློབ་མ་108སློབ་སྦྱོང་མཇུག་འགྲིལ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།