[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་གྱི་ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ལས་དོན་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-10

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། རྩ་བའི་རིགས་པ་རྟོགས་པ། བདེན་དོན་འཚོལ་བ། གནས་ལུགས་ཤེས་པ་བཅས་ཀྱི་ཐོག་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ནས་བློ་དཀར་དང་། དྭངས་གཙང་། འགན་འཁུར་བཅས་ཀྱི་བླང་བྱ་ལྟར་རང་ཉིད་ལེགས་སུ་གཏོང་བ་དང་། བསམ་བློ་དང་། ནུས་པ། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱའི་རྗེས་ཟིན་པ་དང་། དུས་རབས་མདུན་སྐྱོད་ཀྱི་གོམ་འགྲོས་ཀྱི་རྗེས་ཟིན་པ། བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོའི་རྗེས་ཟིན་པ་བཅས་ཧུར་ཐག་བྱས་པ་རེད།

    དཔེ་སྟོན་ལ་བརྟེན་ནས་སྐུལ་ཁྲིད་བྱས་ཤིང་། གཞིས་རྩེ་གྲོང་ཨུད་ཀྱིས་ཟླ་རེར་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཐེངས་3ལས་མི་ཉུང་བ་བྱེད་པ་དང་། དུས་ཚིགས་རེར་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པའི་གཅིག་སྡུད་སློབ་སྦྱོང་ཉིན་2ལས་མི་ཉུང་བ་བྱེད་པ། རིམ་ཁག་ཏང་རྩ་འཛུགས་ལ་སྐུལ་ཁྲིད་བྱས་ནས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བ་བཅས་བྱས་ཏེ་རང་རྟོགས་ངང་ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ཀྱིས་ཏང་ཡོན་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲས་པ་རེད།

    གསོ་སྦྱོང་སྟོབས་ཤུགས་ཆེ་རུ་བཏང་ཞིང་། དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་གྱི་དགོས་མཁོ་གཞིར་བཟུང་གྲོང་ཁྱེར་རིམ་པའི་མི་50ལས་མི་ཉུང་བ་དང་། རྫོང་རིམ་པའི་མི་20ལས་མི་ཉུང་བ། ཤང་རིམ་པའི་མི་5ལས་མི་ཉུང་བ་བཅས་ཀྱི་ཚད་གཞི་ལྟར་ཏང་ཡོན་1400ཡི་སློབ་གསོ་གསོ་སྦྱོང་གི་དཔུང་ཁག་ཅིག་བཙུགས་པ་རེད།

    རྨང་གཞིའི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ཅིང་། གྲོང་ཨུད་ཏང་གི་སློབ་གྲྭ་ཉིད་གཙོ་བོ་དང་། རྒྱང་ཁྲིད་སློབ་གསོའི་ལས་སྟེགས་ལ་བརྟེན་པ། ཏང་ཡོན་བྱེད་སྒོ་ཁང་དེ་དྲ་རྒྱ། ཏང་རྩ་འཛུགས་ཀྱི་གཅིག་སྡུད་སློབ་སྦྱོང་དང་མཚན་མོའི་སློབ་གྲྭའི་རྒྱུན་གཏན་རང་བཞིན་གྱི་གསོ་སྦྱོང་དེ་རྨང་གཞི་བཅས་སུ་བྱེད་པའི་ཏང་ཡོན་སློབ་གསོ་གསོ་སྦྱོང་གི་མ་ལག་བཟོས་ཤིང་། དེ་དང་ཆབས་ཅིག་གྲོང་ཁྱེར་ནོར་སྲིད་ཀྱིས་ལོ་ལྟར་སྒོར་ཁྲི་500ལས་མི་ཉུང་བ་དང་རྫོང(ཆུས)ནོར་སྲིད་ཀྱིས་ལོ་ལྟར་སྒོར་ཁྲི་60ལས་མི་ཉུང་བའི་ཏང་ཡོན་གྱི་སློབ་གསོའི་ཆེད་དོན་གསོ་སྦྱོང་གི་གྲོན་དངུལ་བཀོད་སྒྲིག་བྱ་རྒྱུའི་བླང་བྱ་བཏོན་པ་རེད།

    གཞིས་རྩེ་གྲོང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ལ་དམིགས་ནས་གཅིག་སྡུད་སློབ་སྦྱོང་དང་བཀག་སྡོམ་རྣམ་པའི་ཆེད་དོན་སློབ་སྦྱོང་བྱས་པ་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་དང་། ཀྲི་པུའུ་གཅིག་སྡུད་སློབ་སྦྱོང་། ཏང་གི་སློབ་གྲྭའི་གསོ་སྦྱོང་། སྤེལ་རེས་བགྲོ་གླེང་། ཤེས་བྱའི་ཚོད་རྒྱུགས་སོགས་ལ་བརྟེན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་གསོ་གསོ་སྦྱོང་དེ་གཏིང་ཟབ་ཕྱོགས་སུ་མུ་མཐུད་འཕེལ་བར་བྱས་པ་རེད།

    སློབ་གསོ་གསོ་སྦྱོང་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པར“ཀའེ་གསབ་སྟོབས་འཕེལ”དང་རྩ་བ་བརྟན་འཛུགས་ཡོང་རོགས་བྱས་ཤིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རྒྱུན་ཆད་མེད་པར“འདུ་ཤེས་བཞི”འཛུགས་པ་དང་། “གདེང་ཚོད་བཞི”བརྟན་གཏོང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཐུབ་པ་བྱེད་པ་བཅས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་གནད་དོན་ལ་དབྱེ་ཞིབ་དང་། གནད་དོན་ལ་ཞིབ་འཇུག གནད་དོན་ཐག་གཅོད། ལས་དོན་ལ་སྐུལ་གཏོང་བཅས་བྱེད་པའི་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།

    ཏང་གཤིས་སློབ་གསོ་ནི་གུང་ཁྲན་ཏང་མིའི“སེམས་ཀྱི་རིག་པ”ཡིན་ལ་ཏང་ཡོན་ལ་སློབ་གསོ་རྒྱག་པ་དང་གསོ་སྐྱོང་བྱེད་པར་ངེས་པར་དུ་ལྟེ་བར་གྱུར་པའི་ཏང་གཤིས་སློབ་གསོར་དམ་འཛིན་བྱེད་དགོས།

    གཞིས་རྩེ་གྲོང་ཁྱེར་གྱིས་ཏང་གཤིས་སློབ་གསོའི་ངེས་སྦྱོང་སློབ་ཚན་ཡག་པོ་ཁྲིད་པར་དམིགས་ནས་ལས་བྱེད་པར་ལུས་ཚུགས་ཐུབ་པ་དང་། བྱ་གཞག་གཏོད་པ། སྐད་ཆ་ཁུངས་འཁྱོལ། ཀུན་སྤྱོད་དཔེ་སྟོན་བཅས་ཀྱི་རྨང་རྡོ་བརྟན་པོར་བཏིང་ནས་ཏང་གཤིས་སློབ་གསོ་ཏན་ཏིག་བརྒྱབ་པ་རེད། དཔེར་ན། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་རིང“སློབ་སྦྱོང་ལ་སྣང་ཆེན་དང་། བློ་དཀར་ལ་སྣང་ཆེན། སྤྱོད་གཙང་ལ་སྣང་ཆེན། སྤྱོད་ཚུལ་སྒྱུར་བ། ཕན་ནུས་མཐོར་གཏོང”བཅས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་མ་ཟད། ཏང་དོན་ལས་དོན་པ་ཕུལ་བྱུང་400ལྷག་ལས་གྲུབ་པའི་དཔུང་ཁག་ཅིག་བཙུགས་ཏེ་ཏང་ཡོན་གསོ་སྐྱོང་དང་། གོང་འཕེལ། སློབ་གསོ། དོ་དམ་བཅས་བྱ་རྒྱུར་ཆེད་འགན་ཁུར་ཞིང་། ཀྲི་པུའི“བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི”ལམ་ལུགས་ཁྱབ་སྤེལ་བཏང་ནས་རྒྱ་ཆེའི་ཏང་ཡོན་སྒྲིག་འཛུགས་ཀྱིས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་དང་། ཏང་གི་སྒྲིག་ཡིག་ཀློག་པ། ཏང་གི་གཏན་འབེབས་དང་གནས་ཚུལ་ལ་སློབ་སྦྱོང་། དང་བླངས་ཞབས་ཞུ་སོགས་བྱས་པར་བརྟེན་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རྒྱུན་ཆད་མེད་པར་ཏང་གཤིས་སྦྱོང་བརྡར་དང་བློ་སྦྱོང་ལེགས་གཏོང་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།