[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱིས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-09

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་དེ་ཡོངས་ཀྱི་ཁྱབ་ཁོངས་སུ་སློབ་གྲྭའི་ཟ་ཁང་དང་། དེ་བཞིན་མཐའ་འཁོར་གྱི་བཟའ་བཅའ་གཉེར་སྐྱོང་ཁེ་ལས་ཀྱི་བདེ་འཇགས་ལ་ཞིབ་བཤེར་ཆེན་པོ་བྱེད་པའི་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱིས་བཟའ་བཅའ་སྨན་རིགས་ལྟ་འདོམས་ཅུས་དང་། སློབ་གསོ། འཕྲོད་བསྟེན་སོགས་སྡེ་ཚན་སྒྲིག་འཛུགས་བྱས་ནས་ལས་དོན་མི་སྣ་32ཟུར་འཐེན་བྱས་ཏེ་ཆེད་དོན་ཞིབ་བཤེར་ཚོགས་ཆུང་6བཙུགས་ནས་ཁོངས་གཏོགས་ཁུལ་གྱི་རིམ་ཁག་བུ་བཅོལ་ཁང་དང་། སློབ་ཆུང་། སློབ་འབྲིང་། དེ་བཞིན་སློབ་གྲྭའི་མཐའ་འཁོར་གྱི་བཟའ་འཐུང་ཚན་པ། བཟའ་བཅའ་ཕྱིར་ཚོང་ཁེ་ལས་བཅས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་སློབ་གྲྭ་ཁག་གཅིག་གིས་ཟ་ཁང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་སྒྱུར་འགོད་ལས་དོན་ལེགས་གྲུབ་བྱུང་མེད་པ་དང་ཟ་ཁང་གི་སྒྲིག་ཆས་ཐབས་ཆག་དང་། ས་ཁོངས་ཀྱི་དབྱེ་བ་གསལ་པོ་འབྱེད་མེད་པ། དེ་བཞིན་དུག་སེལ་སྒྲིག་ཆས་ནང་ཅ་དངོས་བཞག་མང་བ། དུག་སེལ་གྱི་བླང་བྱ་དང་མ་མཐུན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། འབྲེལ་ཡོད་ཀྱི་བཅོས་སྒྲིག་བསམ་འཆར་བཏོན་ནས་ཞིབ་བཤེར་བྱེད་རིང་གནད་དོན་ཚབས་ཆེན་ཐོན་པའི་བཟའ་འཐུང་ཁེ་ལས་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དགོས་པ་དང་འབྲེལ་ཚད་འབེབས་རིམ་དབྱེའི་དཔྱད་འདེམས་ལ་རིམ་པ་གཅོག་པའི་ཐག་གཅོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།