[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱིས་2019ལོའི་སློབ་གསོ་སློབ་བསྡུའི་ཡིག་རྒྱུཌ་བདེ་འཇགས་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-08

    ཚེས་6ཉིན་གྱི་ཕྱི་དྲོ། 2019ལོའི་ལྗོངས་ཡོངས་ཀྱི་སློབ་གསོ་སློབ་བསྡུའི་ཡིག་རྒྱུགས་བདེ་འཇགས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་སློབ་བསྡུའི་ཡིག་རྒྱུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲེ་མའོ་ཅུན་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་བདེ་འཇགས་འགོག་ཟོན་གྱི་གཙོ་གནད་དམ་འཛིན་ཡག་པོ་བྱས་ཏེ་ཐབས་མང་མཉམ་སྤྱོད་དང་། གནད་སྨིན་ཇུས་འདོན། གནད་སྨིན་ཤུགས་འདོན་བཅས་བྱས་ནས་སློབ་བསྡུའི་ཡིག་རྒྱུགས་ལས་དོན་བརྟན་པོ་དང་བདེ་བླག་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་གཞོགས་འདེགས་དམ་ཟབ་དང་རང་འགན་གཙང་སྒྲུབ་བྱས་ཏེ་ཡིག་རྒྱུགས་ཀྱི་བདེ་འཇགས་སྲུང་སྐྱོང་ལས་དོན་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱས་ཐོག་2019ལོའི་སློབ་བསྡུའི་ཡིག་རྒྱུགས་ཆེ་གྲས་གསུམ་གྱི་བདེ་འཇགས་ཀྱི“དམག་འཐབ་དྲག་པོ”དེར་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།