[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • སློབ་ཆེན་སློབ་མ་གསུམ་གྱི་གསར་གཏོད་ལམ་བུ།

    རིག་ནུས་གློག་རྡུལ་ལུག་ཚང་ཇུས་འགོད་ཚོགས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-12

    “རྒྱལ་ཁབ་ཀྱི‘བདེ་སྡོད་ལས་གྲྭ’དང‘གནད་སྨིན་དབུལ་སྐྱོར’སོགས་སྲིད་ཇུས་ཀྱིས་རྒྱ་ཆེའི་བོད་ཀྱི་འབྲོག་པར་ཕན་པ་ཐོབ་པ་མ་ཟད། མི་ཕྱུག་མཉམ་སྡོད་ཀྱི་སྲོལ་རྒྱུན་སྡོམ་གསོས་བྱེད་སྟངས་དེ་མི་ཕྱུགས་ལོགས་དབྱེའི་དེང་རབས་འཚོ་བ་སྐྱེལ་སྟངས་སུ་གྱུར་ཡོད། ང་ཚོས་མཉེན་ཆས་དང་མཁྲེགས་ཆས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་རིག་ནུས་གློག་རྡུལ་གྱི་ལུག་ཚང་སྒྲིག་ཆས་འཆར་འགོད་བྱས་ནས་འབྲོག་དུད་ཀྱིས་ཁྱིམ་ནས་ལུག་ཁྱུར་ཚོད་འཛིན་བྱེད་ཐུབ”ཅེས་བོད་ལྗོངས་སློབ་ཆེན་རྩིས་འཁོར་ཚན་རིག་དང་ལག་རྩལ་ཆེད་ལས་ཀྱི་སློབ་ཆེན་ལོ་རིམ་གསུམ་པའི་སློབ་མ་ཆན་ལིན་ཧུའེ་ཡིས་བཤད། ཁོང་གིས་བཤད་པའི་རིག་ནུས་གློག་རྡུལ་ལུག་ཚང་གི་སྒྲིག་ཆས་ནི་ཁོང་གནས་སའི་ཚོགས་པས་སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་གཞོན་ནུའི་ཚན་རིག་ཁྱབ་གདལ་གསར་གཏོད་ཚོད་ལྟ་དང་བརྩམས་ཆོས་འགྲན་བསྡུར་ཆེ་མོར(ལྷ་སའི་འགྲན་ཁུལ)གྲ་སྒྲིག་བྱས་པའི་འགྲན་ཞུགས་བརྩམས་ཆོས་ཤིག་ཡིན་ཞིང་། གསར་གཏོད་རྣམ་གྲངས་དེ་ཉལ་ཁང་དུ་ཅི་འཕྲོས་མོལ་འཕྲོས་ཤོད་སྐབས་བསམ་བློ་འཁོར་བ་ཞིག་རེད།

    གླེང་མོལ་ཐེངས་ཤིག

    རིག་ནུས་གློག་རྡུལ་ལུག་ཚང་ཇུས་འགོད་ཀྱི་བསམ་བློའི་སྐོར་གླེང་སྐབས། ལི་ཁྲུན་ཆིང་དང་ཀྲང་སི་ཤུན་གྱིས་ཕན་ཚུན་དགོད་ཙམ་བྱས། “བསམ་བློ་དེ་ཉལ་ཁང་དུ་ཅི་འཕྲོས་མོལ་འཕྲོས་ཤོད་སྐབས་འཁོར་བ་ཞིག་རེད། སྐབས་དེ་དུས་ཉལ་ཁང་གཅིག་པའི་རོགས་པས་ང་ཚོའི་ཁྱིམ་གྱི་ལུག་ཚང་དེ་ཁྱིམ་དང་བར་ཐག་རིང་པོ་ཡོད་སྟབས་སྤྱང་ཀི་ལུག་ཚང་དུ་འཛུལ་ནས་ལོ་ལྟར་ལུག་ཁ་ཤས་ཟ་གི་འདུག་ཅེས་བརྗོད་བྱུང་། དེས་ན་ང་ཚོ་རྩིས་འཁོར་སྦྱོང་མཁན་ཁ་ཤས་ཤིག་གིས་རང་ཉིད་ཀྱིས་ཚབ་ཨང་ཞིག་བྲིས་ནས་APPཇུས་འགོད་བྱས་ཏེ་ལུག་ཚང་ལ་ལྟ་ཞིབ་བྱེད་པའི་ཐག་བཅད་པ་ཡིན། ” མི་དང་། སྤྱང་ཀི ལུག་བཅས་ཀྱི་དམར་ཕྱིའི་ཚོར་འདྲེན་གྱི་དྲོད་ཚད་མི་འདྲ་བར་གཞིགས་ནས་སྤྱང་ཀི་ལུག་ཚང་དུ་འཛུལ་མིན་ལྟ་ཞིབ་བྱས་པ་ཡིན།

    འགྲན་བསྡུར་ཐེངས་ཤིག

    བོད་རང་སྐྱོང་ལྗོངས་ཀྱི“འཇོན་ཐང་བུམ་པ”སྐབས་ལྔ་པའི་སློབ་གྲྭ་ཆེ་མོའི་སློབ་ཕྱིའི་རིག་གཞུང་ཚན་རྩལ་བརྩམས་ཆོས་དང་རྒྱལ་ཡོངས་ཀྱི“འགྲན་སློང་བུམ་པ”སྐབས་བཅོ་ལྔ་པའི་འགྲན་བསྡུར་གྱི་བོད་རང་སྐྱོང་ལྗོངས་ཀྱི་འདེམས་སྒྲུག་འགྲན་བསྡུར་དེ་རིག་ནུས་གློག་རྡུལ་ལུག་ཚང་མ་ལག་གིས་དང་ལེན་བྱས་པའི་ཞིབ་བཤེར་དང་པོ་དེ་རེད། འགྲན་བསྡུར་གོང་རང་བཤེར་བྱེད་སྐབས་སྒྲིག་ཆས་སྤྱོད་ཐབས་བྲལ། ལི་ཁྲུན་ཆིང་གིས“ང་ཚོས་ཐབས་ཤེས་སྣ་ཚོགས་སྤྱད་དེ་དཔྱད་གྲངས་ལེགས་སྒྲིག་དང་། ཚབ་རྟགས་ཞིབ་བཤེར། མཁྲེགས་ཆས་ཞིབ་བཤེར་བཅས་ཐེངས་མང་བྱས་རུང་བཀོལ་སྤྱོད་མི་ཐུབ་པར། མཐར་ཚབ་རྟགས་ནོར་བ་ཡིན་ནམ་ཡང་ན་སྒྲིག་ཆས་ལ་སྐྱོན་ཤོར་བ་ཡིན་མིན་མ་ཤེས་པར་རེ་བ་སྟོང་པར་གྱུར་སོང་སྙམ་བྱུང” ཉིན་གཉིས་པར་དངོས་སུ་འགྲན་བསྡུར་བྱེད་སྐབས་ཀྱང་མ་ལག་སྤྱོད་མི་ཐུབ་སྟབས་དེ“PPTཐོན་རྫས”སུ་མ་བརྩིས་ཀ་མེད་རེད།

    “དགའ་འོས་པ་ཞིག་ལ་ང་ཚོར་བོད་ཡོངས་ཀྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང་ཞིབ་དཔྱད་ཨུ་ཡོན་གྱི་དགེ་རྒན་གྱིས་ང་ཚོའི་ཇུས་འགོད་དེར་ཁས་ལེན་བྱས་བྱུང་། ང་ཚོའི་ཐོན་རྫས་ཀྱི་ཇུས་འགོད་གནད་དོན་མ་ཡིན་པར་ད་ལྟ་མངོན་འགྱུར་མ་ཐུབ་པ་ཙམ་གྱི་ངོས་འཛིན་བྱེད་ཀྱི་འདུག” ད་ཐེངས་ཀྱི་འགྲན་བསྡུར་གྱིས་ལི་ཁྲུན་ཆིང་ཚོགས་པ་ཕམ་རུང་ཁོང་ཚོར་སེམས་ཤུགས་དེ་བས་ཆེ་བ་སྦྱིན་པ་མ་ཟད། ཁོང་ཚོར“ཨང་དང་པོ་ཡིན་ཚེ་གཞི་ནས་རྒྱལ་ཡོངས་ཀྱི་འགྲན་བསྡུར་ལ་ཞུགས་ཐུབ་པ་དང་ང་ཚོའི་བརྩམས་ཆོས་ལ་ད་དུང་ཞན་ཆ་མང་པོ་ཡོད་པས་མུ་མཐུད་ལེགས་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པའི”བསམ་བློ་འཁོར།

    ཕུགས་བསམ་ཞིག

    “ད་ཐེངས་ཀྱི་འགྲན་བསྡུར་ལ་ང་ཚོ་སླར་ཡང་ཞུགས་ཡོད” སྐད་ཆ་འདི་ཤོད་སྐབས་ལི་ཁྲུན་ཆིང་ཚོགས་པས་རིག་ནུས་གློག་རྡུལ་གྱི་ལུག་ཚང་མ་ལག་བཀོལ་སྤྱོད་ལེགས་གྲུབ་བྱུང་ནས་སེམས་ལྷོད་ལ་བབས་ཡོད། ཚོགས་པ་དེ་སློབ་གྲྭ་ཆེ་མོ་བས་བཙུགས་པ་ཞིག་ཡིན་སྟབས་གསར་སྤེལ་མ་དངུལ་མི་འདང་བའི་ཁར། སྒྲིག་ཆས་གནད་ལ་འཁེལ་ཚད་འགན་ལེན་བྱེད་ཐབས་བྲལ་བ་དང་། དངོས་སུ་སྤྱད་མེད་པས་ལི་ཁྲུན་ཆིང་ཚོགས་པས་དེའི་ཐད་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། “ལུག་ནི་འབྲོག་པའི་སྲོག་རྩ་ཡིན་པས་སྲོལ་རྒྱུན་གྱི་འབྲོག་ཁུལ་ལུག་ཚང་ལ་གྱང་སྐོར་བ་དང་ལྕགས་སྐུད་ཀྱིས་ར་བ་བསྐོར་ཚེ་སྟབས་བདེ་མེད་ཁར་རིན་གོང་ཡང་མཐོ་པོ་ཡོད” འབྲོག་ཁུལ་དང་འབྲོག་པར་བཅངས་པའི་བརྩེ་སེམས་ལ་བརྟེན་ནས་ལི་ཁྲུན་ཆིང་ཚོགས་པས་རིག་ནུས་གློག་རྡུལ་ལུག་ཚང་གི་མ་ལག་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་ཁོང་ཚོར་བྱ་བ་དངོས་སྒྲུབ་འདོད་ཡོད་པ་རེད།

    “ང་ཚོས་དེ་བས་ཡངས་པའི་གར་སྟེགས་ཐོག་བསྐྱོད་ནས་ཕྱིའི་འཇིག་རྟེན་ལ་ལྟ་འདོད་འདུག” གོམ་སྟབས་རྗེས་མའི་ཕུགས་བསམ་སྐོར་གླེང་སྐབས། ལི་ཁྲུན་ཆིང་དང་ཁོང་གི་རོགས་པ་ཚོས་རྒྱལ་ཡོངས་ཀྱི་འགྲན་བསྡུར་ལ་ཞུགས་ནས་རྒྱལ་ཡོངས་ས་གནས་ཁག་གི་བདམས་ཐོན་པ་ཚོ་དང་སྤེལ་རེས་བྱས་ཏེ་རང་ཉིད་ཀྱི་འཇོན་ཐང་ཆེ་རུ་གཏོང་འདོད་ཡོད་ཅེས་བཤད།

    (བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིར་བཟུང)

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།