[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་གདན་ཞུའི་ཚོགས་འདུ་ལྷ་སར་གཉེར་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-12

    གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། ཟླ་4ཚེས་13ཉིན་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་མངགས་གདན་ཞུའི་ཚོགས་འདུ་ལྷ་སའི་ནུབ་འདབས་ཀྱི་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྒོ་རའི་ནང་གཉེར་རྒྱུ་རེད། གདན་ཞུའི་ཚོགས་འདུའི་ཐོག་ཉེ་འཁོར་ཀྲུང་དབྱང་ཁེ་ལས་དང་། ཞིང་ཆེན་དང་གྲོང་ཁྱེར་ཕྱིའི་མི་སྤྱོད་ཚན་པ། ལྗོངས་ནང་ཁུལ་གྱི་མི་སྤྱོད་ཚན་པ་བཅས་240སྒྲིག་འཛུགས་བྱས་ཏེ་ཐེམ་ཁུངས་བོད་ནས་ཡིན་པའི་2019ལོའི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་ཚན་ཁག་གི་སློབ་ཐོན་སློབ་མ་དང་སྐབས་གོང་མར་སློབ་གྲྭ་ཐོན་ཡང་ལས་ཀ་མ་རག་པའི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་ཚན་ཁག་གི་སློབ་ཐོན་སློབ་མར་ལས་ཞུགས་ཀྱི་ལས་གནས་5366མཁོ་འདོན་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།