[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས།

    “ཚང་མས་མཉམ་དུ་མིག་གཉིས་ལ་བདག་གཅེས་བྱེད་པའི”གྲོས་འདོན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-12

    ཉེ་ཆར། རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་མིག་ཤེད་བདེ་ཐང་ལ་བདག་གཅེས་བྱ་ཆེད། ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས“ཚང་མས་མཉམ་དུ་མིག་གཉིས་ལ་བདག་གཅེས་བྱེད་པའི”གྲོས་འདོན་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོའི་སྤེལ་བའི་བརྒྱུད་རིམ་ནང་། སློབ་ཆུང་དང་པོའི་དགེ་རྒན་དང་སློབ་མའི་འཐུས་མིས་ལྟད་མོ་ཆེ་བའི་ལེ་ཚན་རང་རྩོམ་རང་འཁྲབ་བྱས་ནས་རྒྱ་ཆེའི་དགེ་སློབ་ཚོས་མིག་ལ་བདག་གཅེས་བྱེད་དགོས་པའི་གལ་ཆེའི་རང་བཞིན་ཤེས་སུ་བཅུག་པ་རེད།

    འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དབང་གྲགས་ལྡན་པའི་གྲངས་གཞི་ཡོངས་བསྒྲགས་བྱེད་མྱོང་བ་སྟེ། ཀྲུང་གོར་རྒྱང་སྒྲིབ་ཕོག་པའི་མི་གྲངས་དུང་ཕྱུར་6ཟིན་ཡོད་པ་དང་། མི་2ནས་3གྱི་ནང་མི་གཅིག་ལ་རྒྱང་སྒྲིབ་ཕོག་ཡོད་པས་རྒྱང་སྒྲིབ་ཕོག་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད། ཉེ་དུས། རང་རྒྱལ་གྱིས་རྒྱལ་ཡོངས་རང་བཞིན་གྱི་སློབ་མའི་གཟུགས་པོར་བརྟག་དཔྱད་བྱས་པ་ལས་མངོན་གསལ། 2014ལོར། བརྟག་དཔྱད་བྱས་པ་ལས་རང་རྒྱལ་གྱི་སློབ་ཆུང་སློབ་མ་གཉིས་ཆ་གཅིག་ལ་མིག་ཤེད་ཡག་པོ་མེད་པ་མངོན་ཡོད་པ་དང་། 2000ལོར། སློབ་ཆུང་སློབ་མའི་མིག་ཤེད་ཞན་ཚད་20.23%ཟིན་ཡོད། དུས་ཐུང་ལོ་བཅུ་ལྷག་རྗེས་ཀྱི་2014ལོར། སློབ་ཆུང་སློབ་མའི་མིག་ཤེད་ཞན་ཚད་45.71%ཟིན་ནས་ལྡབ་གཅིག་ལྷག་ཙམ་འཕར་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་དགེ་རྒན་དབྱངས་ཅན་སྒྲོལ་དཀར་གྱིས་ངོ་སྤྲོད་བྱས་དོན། མིག་སྔར། ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་འཛིན་གྲྭ་མང་ཆེ་བའི་སློབ་མར་རྒྱང་སྒྲིབ་ཕོག་པ་མ་ཟད། མང་ཆེ་བ་ལོ་ཆུང་བ་རེད། རྒྱང་སྒྲིབ་ཕོག་པའི་རྒྱུ་རྐྱེན་གཙོ་བོའི་གྲས་སུ་གློག་རྡུལ་ཡོ་ཆས་ལ་ལྟ་བ་དང་། སློབ་སྦྱོང་བྱེད་སྐབས་གོམས་གཤིས་ཡག་པོ་མེད་པ་སོགས་ཚུད་ཡོད། ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་དོན་ནི་སློབ་མ་ཚོས་འཚོ་བ་དང་སློབ་སྦྱོང་གི་གོམས་གཅིས་ཡག་པོ་འཇགས་པ་བྱེད་དགོས་པ་སྟེ། འདྲོང་པོར་སྡོད་པ་དང་། ལམ་ལ་འགྲོ་སྐབས་དང་རླངས་འཁོར་ནང་སྡོད་སྐབས་དཔེ་དེབ་མི་ལྟ་བ། མིག་གི་འཕྲོད་སྦྱོར་ལུས་རྩལ་ལ་སྣང་ཆེན། ཕྱི་རོལ་གྱི་ལུས་སྦྱོང་ལ་ཤུགས་སྣོན། གཟུགས་པོ་བདེ་ཐང་དང་མིག་ལ་བདག་གཅེས་། ལག་ཐོགས་ཁ་པར་དང་གློག་ཀླད་ཉུང་ཙམ་སྤྱོད་པ་དང་བརྙན་འཕྲིན་ཡུན་རིང་མི་བལྟ་བ། ཤིང་ཏོག་དང་སྔོ་ཚལ་མང་ཙམ་བཟས་ནས་འཚོ་བཅུད་དོ་སྙོམས་ཡོང་བ་བྱེད་པ་སོགས་ཀྱི་ནང་དོན་ཚུད་ཡོད། སློབ་མ་ཚོས་དེ་རིང་ནས་འགོ་འཛུགས་པ་དང་རང་ཉིད་ནས་འགོ་བརྩམས་ཏེ་གྲོས་འགོའི་བྱ་སྤྱོད་གོ་སྐབས་སུ་བཟུང་ནས་གོམས་གཤིས་བཟང་པོར་བརྟེན་ནས་རང་ཉིད་ཀྱི“སེམས་པའི་སྐར་ཁུང”ཡིན་པའི་མིག་གཉིས་ལ་བདག་གཅེས་ཡག་པོ་བྱེད་དགོས་པ་དེ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།