[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ཀྱི“ཕུགས་རེའི་འདུ་འགོད་ཀྱི་ཕུགས་འདུན་མངོན་འགྱུར་བྱ་སྤྱོད”ཀྱིས་དཀའ་ངལ་ཡོད་པའི་སློབ་མ་ཁྲི་ལྷག་ཙམ་ལ་རོགས་སྐྱོར་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-11

    གསར་འགོད་པར་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི“ཕུགས་རེའི་འདུ་འགོད་ཀྱི་ཕུགས་འདུན་མངོན་འགྱུར་བྱ་སྤྱོད”2006ལོ་ནས་སྤེལ་ཚུན་སྤྱི་ཚོགས་ཀྱི་ཞལ་འདེབས་མ་དངུལ་སྒོར་ཁྲི་3002.54གྲབས་གསོག་བྱས་ཟིན་པ་དང་སློབ་མ་དབུལ་པོ་11660ལ་རོགས་སྐྱོར་བྱས་ནས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་འདེགས་སྐྱོར་བྱེད་པའི་གཞི་རྟེན་གལ་ཆེན་དུ་གྱུར་ཡོད་པ་རེད།

    གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི“ཕུགས་རེའི་འདུ་འགོད་ཀྱི་ཕུགས་འདུན་མངོན་འགྱུར་བྱ་སྤྱོད”ནི་སྤྱི་ཚོགས་ཀྱི་འགན་འཁྲི་མཉམ་འཁུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་སྤྱོད་པའི་སྤྱི་ཕན་བྱ་སྤྱོད་ཅིག་ཡིན་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་ཁེ་ལས་དང་གཅེས་སེམས་མི་སྣའི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་དང་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཡོད་པ་རེད།

    འདི་ལོར་བྱ་སྤྱོད་དེར་ཀྲུང་གོ་ཀུའེ་ཀྲོའུ་མའོ་ཐའེ་ཨ་རག་བཟོ་གྲྭ(ཚོགས་པ)ཚད་ཡོད་འགན་འཁྲི་ཀུང་སིའི་རྒྱབ་སྐྱོར་ཐོབ་ནས་ཞལ་འདེབས་མ་དངུལ་སྒོར་ཁྲི་225ཐོབ་པ་དང་སློབ་མ་རེར་སྒོར་5000གི་ཚད་གཞི་གཞིར་བཟུང་བོད་ཀྱི་སྤྱོད་ཡོན་གཉིས་ལྡན་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་ཆེན་སློབ་མ་གསར་པ་450ལ་རོགས་སྐྱོར་བྱས་ཡོད་པ་རེད།

    ཉེ་དུས་གཉེར་བའི“2018ལོའི་ཕུགས་རེའི་འདུ་འགོད་ཀྱི་ཕུགས་འདུན་མངོན་འགྱུར་བྱ་སྤྱོད”ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱི་ཕན་འཆར་གཞིའི་བོད་ལྗོངས་སློབ་སྐྱོར་མ་དངུལ་སྤྲོད་པའི་མཛད་སྒོའི་ཐོག་རོགས་སྐྱོར་ཐོབ་མཁན་འཐུས་མི་བོད་ལྗོངས་སློབ་ཆེན་བཟོ་སྐྲུན་སློབ་གླིང་གི་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་ཆེད་ལས་ཀྱི་སློབ་མ་མིག་དམར་གྱིས“‘ཕུགས་རེའི་འདུ་འགོད་ཀྱི་ཕུགས་འདུན་མངོན་འགྱུར་བྱ་སྤྱོད’ཀྱི་རོགས་སྐྱོར་ལས་རང་ཉིད་འཚོ་བའི་གྲོན་དངུལ་ལ་སེམས་ཁྲལ་བྱེད་དགོས་མི་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་སློབ་སྦྱོང་ཧུར་ཐག་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་སྤྱི་ཚོགས་ཀྱི་དྲིན་ལན་འཇལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།