[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཨན་ཧུའེ་ཞིང་ཆེན་འཛུགས་སྐྲུན་ལས་བྱེད་པའི་སློབ་གྲྭས།

    ལྷོ་ཁ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ལ་དཔེ་དེབ་ཞལ་འདེབས་བརྒྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-10

     ཉིན་ཤས་གོང་། ཨན་ཧུའེ་ཞིང་ཆེན་འཛུགས་སྐྲུན་ལས་བྱེད་པའི་སློབ་གྲྭས་ཀྲུང་གོའི་བཟོ་སྐྲུན་རྒྱུ་ཆ་བཟོ་ལས་དཔེ་སྐྲུན་ཁང་དང་མཉམ་འབྲེལ་ཐོག་ལྷོ་ཁ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ལ་སྒོར་ཁྲི་10རི་བའི་བཟོ་སྐྲུན་ཨར་རྒྱག་ལག་རྩལ་དང་བཟོ་སྐྲུན་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་རིགས་ཀྱི་དཔེ་དེབ་ཞལ་འདེབས་བརྒྱབ་པ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། ད་རེས་ཀྱི་དཔེ་དེབ་ཞལ་འདེབས་ལས་ལྷོ་ཁ་གྲོང་ཁྱེར་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་མིག་སྔར་འཕྲད་པའི་ཞན་ཆ་ངེས་ཅན་ཞིག་གསབ་པ་དང་། “ལྷོ་ཁ་གྲོང་ཁྱེར་གྱི་ཆེད་ལས་ཤེས་ལྡན་པ་ཅུང་དཀོན་པ་དང་། ལྷག་དོན་དུ་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་ཚད་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ཤེས་ལྡན་པའི་ཞན་ཆ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྷོ་ཁ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏེང་ཆོན་གྱིས་བཤད་ཅིང་། ཁོང་གིས“ན་གཞོན་རྣམས་དཔེ་ཀློག་ལ་དགའ་བ་དང་དཔེ་དེབ་ཡག་པོ་ཀློག་རྒྱུའི་རེ་བ་ཆེ་བར་བརྟེན། དཔེ་དེབ་འདི་དག་གིས་ཏག་ཏག་ཁོ་ཚོའི་བསམ་འདུན་འགྲུབ་རྒྱུ་རེད”ཅེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།