
2004ལོའི་ཟླ་11པར། རྒྱལ་ཁབ་ཀྱི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་གི་སྲིད་ཇུས་ལ་བརྡ་ལན་ཞུ་ཆེད། འབྲོག་དུད་128ཀྱིས་ཕྱུགས་འཚོ་མཚམས་བཞག་སྟེ་མི་རབས་ནས་མི་རབས་བར་འཚོ་བ་སྐྱེལ་བའི་འབྲི་ཆུའི་ཆུ་འགོ་ནས་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་འདབས་སུ་གནས་པའི་ཁྱིམ་གཞིས་གསར་པ་སྟེ། འབྲི་ཆུའི་ཆུ་འགོའི་གྲོང་ཚོར་གནས་སྤོས་བྱས། རི་སྟེང་ནས་རི་གཤམ་དང་འབྲོག་པ་ནས་གྲོང་མིའི་བར་ཁོང་ཚོས་ཡངས་ཤིང་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་ཆུ་དང་གློག་ཤར་གཏོང་ཐུབ་པའི་ཁང་པ་གསར་པར་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།
“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ” ད་ཆའི་འབྲི་ཆུའི་ཆུ་འགོའི་གྲོང་ཚོར་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་སྤྲོ་སྣང་གི་དགོད་སྒྲས་ཁེངས་ཤིང་། མི་རིགས་ཁག་གི་མང་ཚོགས་ཚོས་བཀའ་དྲིན་སྙིང་དབུས་སུ་བཅངས་ཏེ་ཕར་རོགས་ཚུར་རོགས་བྱེད་པ་དང་དཀའ་སྤྱད་འབད་བརྩོན་གྱི་ལག་ཟུང་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་བཞིན་ཡོད།