[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • སློབ་གསོ་ཡག་པོ་ཀུན་ལ་ཁྱབ་པར་བྱས་ཏེ་སློབ་ཁྲིད་ཀྱི་རྣམ་པ་གསར་པ་བཏོད།

    སྨན་གླིང་རྫོང་གིས་བྱང་ཚད་སློབ་གསོའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བཀྲག་མདངས་འཚེར་ས་རགས་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-18

    ཉེ་ལམ་ལོ་ཤས་རིང་། སྨན་གླིང་རྫོང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་འཐབ་ཇུས་ཀྱི་གནས་བབ་ཏུ་འཇོག་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་གཞི་རྩའི་ལས་འགན་དོན་འཁྱོལ། དུས་རབས་གསར་པ་དང་འགོ་འཛུགས་ས་གསར་པར་གཞི་ཚུགས་པ། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་ལྟེ་བར་བྱེད་པ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་འགག་རྩར་འཛིན་པ། ཚད་ལྡན་དོ་དམ་དམ་འཛིན་བྱ་གཞིར་བྱེད་པ། “སྐད་གཉིས”སློབ་གསོ་དང་། སློབ་ཆུང་གི་རྩིས་རིག་སློབ་གསོ། སློབ་འབྲིང་གི་རྩིས་དངོས་རྫས་སྐྱེ་བཅས་ཀྱི་སློབ་ཁང་སློབ་ཁྲིད་དང་ཚོད་ལྟའི་སློབ་ཁྲིད་ལས་དོན་ལ་དམ་འཛིན་བཅས་བྱས་ནས་བྱང་ཚད་སློབ་གསོའི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་ཡོད་པ་རེད།

    སློབ་གྲྭ་འབྲིང་ཆུང་དུ“སྐད་གཉིས”སློབ་གསོ་ཁྱབ་ཚད་100%ཟིན་པ།

    དེང་རབས་སློབ་གསོ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། གྲངས་ཉུང་མི་རིགས་ས་ཁུལ་དུ“སྐད་གཉིས”སློབ་གསོ་ཁྱབ་སྤེལ་གཏོང་བ་དུས་བསྟུན་འཕེལ་རྒྱས་བཏང་སྟེ། “སྐད་གཉིས”སློབ་གསོ་རང་ལྗོངས་ཀྱི་སློབ་གསོ་སློབ་ཁྲིད་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་གྱུར་ཡོད་པ་རེད།

    བྱིས་པའི་སྐད་བརྡར་ལད་མོ་བྱེད་ནུས་ཆེ་བའི་ཁྱད་ཆོས་ལ་དམིགས་ནས་སྨན་གླིང་རྫོང་གིས“སྐད་གཉིས”སློབ་གསོ་སློབ་ཞུགས་གོང་གི་སློབ་གསོའི་སློབ་ཚན་དང་མཉམ་བསྲེས་བྱས་ནས་བྱིས་གླུ་ཉན་པ་དང་། ཞེ་ས་རྒྱག་པ། སྒྲུང་གཏམ་ཀློག་པ་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་སྤྱད་པ་བརྒྱུད་སློབ་ཞུགས་གོང་གི“སྐད་གཉིས”སློབ་གསོར་སྐད་བརྡའི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད། སློབ་གྲྭ་འབྲིང་ཆུང་ཁག་ཏུ“སྐད་གཉིས”སློབ་ཚན་ཆ་ཚང་པོ་དང་འདང་ངེས་འཚོག་རྒྱུ་འགན་ལེན་བྱས་པ་དང་ཆབས་ཅིག སྨན་གླིང་རྫོང་གིས་ད་དུང་སློབ་མའི“ཉན། ཤོད། ཀློག འབྲི”བཅས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དམིགས་ཡུལ་དུ་བྱས་ཏེ་སློབ་གྲྭ་འབྲིང་ཆུང་ཁག་གི་སློབ་གྲྭའི་རྒྱང་བསྒྲགས་ས་ཚིགས་བཙུགས་པ་དང་སློབ་འབྲིང་གི“གཟའ་འཁོར་རེའི་གསར་འགྱུར་གནད་བསྡུས”གཉེར་བ་སོགས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ཏེ་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བར་བྱས་ཡོད་པ་རེད།

    སློབ་མའི“སྐད་གཉིས”ཀྱི་ཡིག་གཟུགས་ཡག་པོ་འབྲི་བའི་གོམས་གཤིས་ཚད་ལྡན་དུ་གཏོང་རྒྱུའི་ཐད། སྨན་གླིང་རྫོང་གིས་བོད་ཡིག་གི་ཡིག་གཟུགས་ཁང་བཀོད་སྒྲིག་བྱས་པ་དང་། རྒྱ་ཡིག་ཡིག་གཟུགས་ཀྱི་སློབ་ཚན་འཚོག་པ་ཕུད། ད་དུང“སྐད་གཉིས”ཀྱི་གཏམ་བཤད་འགྲན་བསྡུར་དང་། “སྐད་གཉིས”ཀྱི་ཡིག་གཟུགས་འགྲན་བསྡུར། སློབ་གྲྭར“ཕུལ་བྱུང་གློག་བརྙན”སྟོན་པ། དེ་བཞིན་རྩོམ་ཡིག་བསྡུ་བ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་སློབ་མའི་དཔེ་ཀློག་དང་རྩོམ་འབྲིའི་འཇོན་ཐང་ཆེ་རུ་རྒྱ་ཁྱབ་བཏང་ནས་ཀྲུང་ཧྭ་རིག་གནས་དང་མི་རིགས་ཀྱི་རིག་གནས་ལ་སློབ་མའི་མོས་སེམས་ཆེ་རུ་བཏང་ཡོད། རྒྱུན་གཏན་གྱི་ལས་ཀའི་ཁྲོད་ད་དུང་དགེ་རྒན་གྱིས་སྤྱི་སྐད་ལ་བརྟེན་ནས་སློབ་ཁྲིད་བྱེད་པ་དར་སྤེལ་བཏང་སྟེ“སྐད་གཉིས”སློབ་ཁྲིད་གལ་ཆེ་མཉམ་འཛིན་བྱས་ཡོད་པ་རེད།

    རྩིས་རིག་སློབ་ཚན་ཁྲིད་ཚད་100%ཟིན་པ།

    ཕྱོགས་ཡོངས་ནས་བྱང་ཚད་སློབ་གསོར་སྐུལ་འདེད་གཏོང་རིང་། རྩིས་རིག་སློབ་གསོ་སྤུས་ལེགས་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་དང་། དུས་ཐོག་ཏུ་རྩིས་རིག་དགེ་རྒན་དཔུང་ཁག་གི་སློབ་ཁྲིད་འདུ་ཤེས་གསར་སྒྱུར་དང་། སློབ་ཚན་ཁྲིད་སྟངས་ལེགས་སུ་གཏོང་བ་རང་ལྗོངས་ཀྱི་རྩིས་རིག་སློབ་ཁྲིད་ཀྱི་ལས་ཀའི་ཆུ་ཚད་དང་སྤུས་ཚད་མཐོ་རུ་གཏོང་བ་དང་། སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    དེའི་ཐད་སྨན་གླིང་རྫོང་གིས་རྩིས་རིག་སློབ་ཚན་འཁྲིད་སྐབས་ཀྱི་གནད་དོན་གཙོ་བོ་འགོ་འཛུགས་སར་བྱས་ཏེ། སློབ་ཁྲིད་ཁོར་ཡུག་གཏོད་པ་དང་། ཚོགས་ཆུང་གི་མཉམ་ལས་ཟབ་ཏུ་གཏོང་བ། སློབ་ཁྲིད་བྱ་ཐབས་གསར་གཏོད། ནུས་ལྡན་གྱི་གདེང་འཇོག་ལེགས་སུ་གཏོང་བ་བཅས་ཕྱོགས་བཞིའི་ཐད་ནས་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་བཏང་བ་དང་སྦྲགས། འོས་འཚམ་གྱི་སློབ་ཁྲིད་དཔྱད་གཞི་བདམས་ཏེ་སློབ་ཁྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད། དགེ་རྒན་གྱི་སློབ་ཁྲིད་གྲ་སྒྲིག་དང་། དཔེ་ཁྲིད། སྦྱོང་ཚན་བཀོད་སྒྲིག སློབ་མར་ཟུར་ཁྲིད། སྤུས་ཚད་ཞིབ་བཤེར་བཅས་ཀྱི་ལྷུ་ཚིགས་གལ་ཆེན་ལྔ་གལ་ཆེ་མཉམ་དུ་བཟུང་ཡོད། སློབ་མས་སློབ་ཁྲིད་གོང་སྔོན་སྦྱོང་དང་། སློབ་ཁྲིད་རྗེས་བསྐྱར་སྦྱོང་། སློབ་ཚན་འཚོག་སྐབས་དྲི་བ་འདོན་པ། དེ་བཞིན་ནན་ཏན་ངང་དྲི་བ་ཀློག་པ་དང་དྲི་བར་དབྱེ་ཞིབ་བྱེད་པ་བཅས་ཀྱི་གོམས་གཤིས་འཇགས་པར་བྱས་ཡོད་པ་རེད།

    སློབ་འབྲིང་གི་དངོས་ཁམས་དང་། རྫས་འགྱུར། སྐྱེ་དངོས་བཅས་སློབ་ཚན་གྱི་འཆར་གཞི་ལེགས་གྲུབ་ཐུབ་ཚད་དང་ཚོད་ལྟའི་སློབ་ཚན་འཚོགས་ཚད་100%ཟིན་པ།

    སློབ་འབྲིང་གི་དངོས་ཁམས་དང་། རྫས་འགྱུར། སྐྱེ་དངོས་སློབ་ཚན་གསུམ་དང་དེ་བཞིན་སློབ་ཆུང་གི་ཚན་རིག་དང་མཐུན་པའི་སློབ་ཁྲིད་དང་ཚོད་ལྟའི་སློབ་ཚན་གྱི་སྤུས་ཚད་ནི་སྨན་གླིང་རྫོང་གི་སློབ་གསོ་སློབ་ཁྲིད་ཀྱི་ཞན་ཆ་ཞིག་རེད། དེར་བརྟེན་ཚོད་ལྟའི་སློབ་ཁྲིད་ལ་དོ་དམ་ནན་དུ་གཏོང་བ་དང་། ཚོད་ལྟའི་སློབ་ཚན་གྱི་གོ་རིམ་ཚད་ལྡན་དུ་གཏོང་བ། སློབ་ཚན་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ནི་ཚོད་ལྟའི་སློབ་ཚན་ཚོགས་ཚད་100%ཟིན་པར་འགན་ལེན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད།

    དེའི་ཐད་སྨན་གླིང་རྫོང་གིས་གཅིག་ནས་དགེ་རྒན་གྱི་གསོ་སྦྱོང་དང་མཛུབ་ཁྲིད་ལ་ཤུགས་རྒྱག་པ་དང་། ཚོད་ལྟའི་སློབ་ཁྲིད་འགོ་འཛུགས་པར་དམིགས་པ། ལོ་རིམ་ཁག་གི་སློབ་ཚན་སློབ་དཔྱོད་བྱེད་སྒོ་ཧུར་ཐག་སྤེལ་བ། སློབ་ཁྲིད་ཁྲོད་གནས་པའི་གནད་དོན་ལ་དམིགས་ནས་མཉམ་དུ་གྲོས་བསྡུར་བཅས་བྱས་ཏེ་དགེ་རྒན་གྱིས་སློབ་ཁྲིད་བྱེད་རིང་ཕྱོགས་སྡོམ་དང་བསམ་ཞིབ་ཐུབ་རྒྱུར་ཁྲིད་སྟོན་བྱས་ཡོད། གཉིས་ནས་བོད་སྐྱོར་ཐོན་ཁུངས་ལ་བརྟེན་ནས་ཀོང་ཏུང་ཅ་དབྱི་སློབ་གླིང་དང་སྨན་གླིང་རྫོང་གི“ཁ་གཏད་བོད་སྐྱོར”གྱི་ལས་སྟེགས་སྤྱད་དེ་དངོས་ཁམས་དང་། རྫས་འགྱུར། སྐྱེ་དངོས་བཅས་ཀྱི་སློབ་ཚན་སྤེལ་རེས་བྱས་པ་དང་། སྣང་རྫོང་སློབ་འབྲིང་གི“ཆ་སྒྲིག་སྤེལ་རེས”ལས་སྟེགས་ལ་བརྟེན་ནས་སློབ་གྲྭའི་དབར་སྤེལ་རེས་བྱས་པ་དང་སློབ་ཁྲིད་ཞིབ་འཇུག་གི་བྱེད་སྒོ་སྤེལ་ཡོད་པ་རེད།

    ཚོད་ལྟའི་སློབ་ཚན་ཚད་ལྡན་དུ་གཏོང་རྒྱུའི་ཐད། སྨན་གླིང་རྫོང་གིས་སློབ་ཚན་དུས་ཚོད་ཚང་བ་དང་འདང་ངེས་འཚོག་པ་དང་དུས་མཚུངས། ཚོད་ལྟའི་སློབ་ཚན་གཙོ་གནད་དུ་བཟུང་བ་དང་སློབ་མའི་དགའ་སྣང་འཕེལ་བ་ལྟེ་བར་བཟུང་སྟེ་ཚོད་ལྟའི་སློབ་ཚན་ཚད་ལྡན་དུ་ཧུར་ཐག་བཏང་བ་སྟེ། གཅིག་ནས་སློབ་འབྲིང་གི་ཚོད་ལྟའི་སློབ་ཁྲིད་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། དངོས་རྫས་སྐྱེ་བཅས་ཀྱི་ཚོད་ལྟ་མཁན་དང་སློབ་གྲྭའི་ཚོད་ལྟའི་སློབ་ཁྲིད་ལས་དོན་ལ་ཞིབ་ཕྲའི་འགན་འཁུར་མཁན་དང་དོ་དམ་པ་བཀོད་སྒྲིག་བྱས་པ་དང་། གཉིས་ནས་སློབ་གྲྭ་འབྲིང་ཆུང་གི་ཚོད་ལྟ་ཁང་གི་སྒྲིག་སྲོལ་ལམ་ལུགས་ཁག་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་འབྲེལ་ཐིག་སྤྱད་དང་སྨན་རྫས་རིགས་ཕྱེ་ནས་བཞག་པ། གསུམ་ནས་དངོས་རྫས་སྐྱེ་གསུམ་སློབ་ཚན་གྱི་ཚོད་ལྟའི་སློབ་ཁྲིད་ཀྱི་བརྒྱུད་རིམ་འཐུས་སྒོ་ཚང་དུ་བཏང་བས་ཡོ་བྱད་གྲ་སྒྲིག་དང་། བཀོལ་སྤྱོད་བྱེད་སྟངས་འཆད་ཁྲིད། དགེ་རྒན་གྱི་ཚོད་ལྟ་བྱ་ཐབས། སློབ་མའི་བཀོལ་སྤྱོད་བྱ་ཐབས། སྣང་ཚུལ་ལྟ་ཞིབ་བྱ་ཐབས། སྒྲིག་ཆས་ཕྱིར་སྤྲོད་བྱ་ཐབས་སོགས་བཀོལ་སྤྱོད་ཀྱི་བརྒྱུད་རིམ་ཁག་9ཆགས་ནས་སློབ་དུས་ལ་འཆར་གཞི་ཡོད་པ་དང་ཕྱོགས་སྡོམ་ཐུབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།