[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས།

    བྱ་ཐབས་སྣ་ཚོགས་སྤྱད་ནས་སློབ་མ་དབུལ་པོར་རོགས་སྐྱོར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-23

     ཉེ་ཆར། ཧྥུའུ་ཅན་ཧྥུའུ་མིན་ཐེབས་རྩ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་དང་ཆབ་མདོ་གྲོང་ཨུད་རྩ་འཛུགས་པུས་མཛོ་སྒང་རྫོང་བལ་ཐོག་ཤང་དུ“བརྩེ་བ་ཟབ་མོ་ཆབ་མདོར་འཆང་། ཧྥུའུ་མིན་ཐེབས་རྩས་སློབ་སྐྱོར་བྱེད”ཅེས་པའི་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་མ་31ལ་སློབ་སྐྱོར་དངུལ་སྒོར་ཁྲི་3.15སྤྲད་པ་རེད།

    “བརྩེ་བ་ཟབ་མོ་ཆབ་མདོར་འཆང”ཞེས་པ་ནི་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་སྲོལ་གཏོད་དང་སྒྲིག་འཛུགས་བྱས་པའི་སྤྱི་ཕན་སྤུས་རྟགས་ཤིག་ཡིན་ཞིང་། ལོ་གཅིག་ལྷག་ཙམ་རིང་། ཧྥུའུ་ཅན་ཞིང་ཆེན་གྱི་ལས་རིགས་ཁག་དང་ཕྱིར་སྡོད་ཀྲུང་གོ་བས་སྤྲད་པའི་རིན་ཐང་སྒོར་ཁྲི་3400ལྷག་ཙམ་གྱི་མ་དངུལ་དང་དངོས་ཟོག་ལག་འབྱོར་བྱུང་ཡོད། ད་ཐེངས་ཀྱི“བརྩེ་བ་ཟབ་མོ་ཆབ་མདོར་འཆང་། ཧྥུའུ་མིན་ཐེབས་རྩས་སློབ་སྐྱོར་བྱེད”ཅེས་པའི་བྱེད་སྒོའི་སློབ་སྐྱོར་མ་དངུལ་ནི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་མིན་ཐེབས་རྩ་ལྷན་ཚོགས་ཀྱིས་རྒྱབ་སྐྱོར་བྱས་པ་ཞིག་རེད། ཧྥུའུ་མིན་ཐེབས་རྩ་ལྷན་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་སློབ་མ་དབུལ་པོར་རོགས་སྐྱོར་བྱས་པ་དང་། 2017ལོར་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་བལ་ཐོག་ཤང་དང་དཔའ་ཤོད་རྫོང་སོགས་ས་གནས་ཀྱི་སློབ་མ་དབུལ་པོ་123ལ་རོགས་སྐྱོར་དངུལ་ཁྱོན་སྒོར་ཁྲི་10སྤྲད་པ་དག་ཉེ་དུས་ལག་འབྱོར་བྱུང་བ་དང་སླད་ཕྱིན་ཧྥུའུ་མིན་ཐེབས་རྩ་ལྷན་ཚོགས་ཀྱིས་ད་དུང་མུ་མཐུད་ཡིག་ཚགས་དང་གཱ་བཟོས་པའི་སློབ་མ་དབུལ་པོར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།