[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཝུའུ་ཧན་བོད་ལྗོངས་སློབ་འབྲིང་དུ་བོད་རྒྱ་དགེ་སློབ་རྣམས་ཀྱིས་མཐུན་འབྲེལ་ཚོགས་འདུའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-21

    ཉིན་ཤས་གོང་། ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གི་བོད་རྒྱ་དགེ་སློབ་ཚོས་མཐུན་འབྲེལ་ཚོགས་འདུའི་བྱེད་སྒོ་སྤེལ་ནས་མཉམ་འཛོམས་ཀྱིས་མཐུན་སྒྲིལ་མཉམ་གླེང་བྱས་པ་རེད།

    སྤྲོ་སྣང་ལྡན་པའི་ཞབས་བྲོ《མེ་ཏོག་བཞད་པའི་སྐལ་བཟང་དུས་རབས》དང《བརྩེ་བས་ཁེངས་པའི་རྩྭ་ཐང》ཞེས་པའི་ཁྲོད་མཐུན་འབྲེལ་ཚོགས་འདུ་འགོ་ཚུགས་ཤིང་། འཁྲབ་སྟོན་ཁྲོད་མིག་འཕྲུལ་ལྟད་མོ《འཁྲུལ་སྣང་གི་འཇིག་རྟེན》དང་ཕྲུ་གུ་ཚོས་འཁྲབ་སྟོན་བྱས་པའི《འབྱུང་འགྱུར་གྱི་འོད་སྣང》ཞེས་པ་དང་། དེ་བཞིན་ཅིང་ཅུས་ཁྲང་ཞི་མཉམ་གཞས《ཧྲོང་དབྱང་ཀོང་ཇོ》དང་གནའ་རབས་ཀྱི་ཞབས་བྲོ《པང་ཧུའུ་ཧྲ》ཞེས་པ་སོགས་འཁྲབ་སྟོན་བྱས་པ་མ་ཟད། བོད་རྒྱ་མི་རིགས་ཀྱི་མཐུན་སྒྲིལ་མཚོན་པའི《ཨ་མ་གཅིག་གི་བུ་མོ》དང《ཀྲུང་གོ་བའི་རིགས་རྒྱུད》སོགས་ཀྱི་ཞབས་བྲོ་དང་། རྩལ་རྩེད། གྱེར་འདོན། མཉམ་གཞས་བཅས་ཀྱི་ལེ་ཚན་ཁྲོད་བྱེད་སྒོའི་ཚ་རླབས་འཕྱུར་བ་དང་། ཡིད་དབང་འཕྲོག་པའི་འཁྲབ་སྟོན་ལས་སློབ་གྲྭའི་ཚོགས་ཁང་བྱིས་པ་ཚོའི་སྤྲོ་སྐྱིད་ཀྱི་ཞིང་ཁམས་སུ་གྱུར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་མཐོང་ཆེན་གནང་སྟེ་མ་དངུལ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་དུས་གཅིག་ཏུ་སྐུལ་འདེད་བཏང་བ་རེད། 2017ལོ་བར། ལོ་8རིང་སློབ་གྲྭ་དེའི“མཐོ་རྒྱུགས་ནང་དངོས་གཞིའི་ཚན་ཁག་ཏུ་ཡིག་ཚད་ལོན་ཚད”100%ཟིན་ནས་རྒྱལ་ཡོངས་ཀྱི་རིགས་མཚུངས་སློབ་གྲྭའི་རྩེ་གྲར་གྱུར་ཡོད། ད་ལྟ་སློབ་གྲྭ་དེར་བོད་རིགས་སློབ་མ་765དང་བོད་ཡིག་དགེ་རྒན་4ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།