[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་རིགས་སློབ་མས་དགུན་ཁའི་གུང་གསེང་རིང་ལུའུ་ཅུས་ཟློས་གར་སྦྱོང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-14

    483594_yis_1518496221480.jpg

    འདི་ནི་ཧོ་པེ་གྲོང་ཁྱེར་པའོ་ཧོ་ཆུས་ཡང་ཀོང་སྡེ་ཁུལ་གྱི་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་སུ་ཧོ་པེ་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པའི་བོད་ལྗོངས་འཛིན་གྲྭའི་སློབ་མ་ཚེ་ཆོས་སོགས་ཀྱིས་དང་བླངས་དགེ་རྒན་དང་མཉམ་དུ་ལུའུ་ཅུས་ཟློས་གར་ནང་སྦྱོང་བྱེད་པའི་གནས་ཚུལ་ཡིན་པ།

    བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་གཅིག་འགྱུར་བླང་བྱ་གཞིར་བཟུང་། ཧོ་པེ་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པའི་བོད་ལྗོངས་འཛིན་གྲྭའི་སློབ་མ་རྣམས་འདི་ལོའི་དགུན་ཁའི་གུང་གསེང་རིང་བོད་དུ་མ་ལོག་པར་ཧོ་པེར་བསྡད་པ་རེད། བོད་ལྗོངས་འཛིན་གྲྭའི་སློབ་མ་ཚེ་ཆོས་ཀྱིས“རྒྱ་རིགས་དང་བོད་རིགས་ནི་ཁྱིམ་ཚང་གཅིག་རེད། ང་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དགའ་པོ་ཡོད་ལ་རྒྱ་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལའང་དགའ་པོ་ཡོད། ཧོ་པེའི་ས་གནས་ཀྱི་ཟློས་གར་ལ་ཧ་ཅང་དགའ་པོ་ཡོད། དགུན་ཁའི་གུང་གསེང་རིང་སློབ་གྲོགས་དང་མཉམ་དུ་མུ་མཐུད་ལུའུ་ཅུས་ཟློས་གར་སྦྱོང་གི་ཡིན”ཞེས་བཤད།

    ངོ་སྤྲོད་བྱས་པར་གཞིགས་ན། ཚེ་ཆོས་སོགས་བོད་ལྗོངས་འཛིན་གྲྭའི་སློབ་མས་འཁྲབ་སྟོན་བྱས་པའི་ལུའུ་ཅུས་ཟློས་གར《རི་མོར་ལྟ་བ》ལ་ཧོ་པེ་གྲོང་ཁྱེར་གྱི་སྐབས་གཉིས་པའི་ཟློས་གར་འགྲན་བསྡུར་ལ་བྱ་དགའ་ཨང་དང་པོ་ཐོབ་ཡོད།


    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།