[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ལྗོངས་སློབ་ཆེན་དུ་ཤེས་དཔལ་མེ་ཏོག་གི་དྲི་བསུང་འཐུལ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-06

    “སློབ་ཆེན་གྱི་དཔེ་མཛོད་ཁང་དུ་དེབ་ལྟ་བ་དང་ལུས་རྩལ་ཐང་དུ་རྒྱུག་ཤར་གློད་པའི་ལོ་ཟླ་བརྗེད་པར་དཀའ”ཝུན་ཝུན་བོད་ལྗོངས་སློབ་ཆེན་ཐོན་ནས་ལོ་གཅིག་ལྷག་ཙམ་སོང་ཡང་། མ་ཡུམ་སློབ་གྲྭའི་སྐོར་གླེང་རིམ་བཞིན་ཁོ་མོས་ཧ་ཅང་དྲན་པོ་བྱེད་ཀྱི་ཡོད།

    ཝུན་ཝུན་གྱི་མྱོང་ཚོར་ནི་བོད་ལྗོངས་སློབ་ཆེན་གྱི་ཤེས་དཔལ་སློབ་གྲྭ་གཏོད་འཛུགས་བྱེད་སྒོ་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད། སློབ་གྲྭའི་གདམ་ཚིག་དང་། སློབ་གླུ། སློབ་རྟགས། སློབ་དར་བཅས་ལས་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་མོས་སེམས་དང་སྤོབས་སེམས་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་བོད་ལྗོངས་སློབ་ཆེན་གྱིས་ད་དུང་བརྙན་འཕྲིན་དྲིལ་བསྒྲགས་པར་གཞི《འབད་འབུངས་བྱེད་བཞིན་པའི་བོད་ལྗོངས་སློབ་ཆེན》 ཞེས་པ་པར་ལེན་དང་དྲིལ་བསྒྲགས་པར་རིས་དེབ《བོད་ལྗོངས་སློབ་ཆེན་གྱི་གོམ་སྟབས》བཟོས་པ། 《གྲགས་ཅན་དགེ་རྒན་གྱི་ཉམས་འགྱུར》དང《བོད་ལྗོངས་སློབ་ཆེན་གྱི་སློབ་མ་ཡར་བརྩོན་ཅན་གྱི་ཉམས་འགྱུར》སོགས་རྩོམ་སྒྲིག་པར་སྐྲུན་བྱས་པས་སློབ་གྲྭའི་རིག་གནས་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་ཐེབས་པ་རེད། བོད་ལྗོངས་སློབ་ཆེན་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སློབ་སྤྱི་གཞོན་པ་ལུའོ་ཡོན་པིང་གིས་ངོ་སྤྲོད་བྱས་དོན་ལོ་བཅུ་ཕྲག་གི་སློབ་གཉེར་བརྒྱུད་རིམ་ནང་སློབ་གྲྭས་ཐོག་མཐའ་བར་གསུམ་དུ་ཤེས་དཔལ་སློབ་གྲྭ་གཏོད་འཛུགས་བྱ་རྒྱུ་དེ་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་སློབ་གསོ་དང་། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་། སློབ་གྲྭའི་ཁོར་ཡུག་འཛུགས་སྐྲུན་བཅས་དང་ཟུང་འབྲེལ་ནུས་ལྡན་བྱས་ཏེ་ཡུན་རིང་གི་འདུ་འགོད་ལ་བརྩིས་ནས་དམ་འཛིན་བྱས་པ་དང་། སློབ་སྲོལ་དང་། སློབ་སྦྱོང་གི་དར་སྲོལ། དགེ་རྒན་གྱི་ཀུན་སྤྱོད་བཅས་བཟང་པོ་བཙུགས་པ་བརྒྱུད། མི་སྣ་གསོ་སྐྱོང་གི་ཁོར་ཡུག་ལེགས་སུ་བཏང་ནས་བོད་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི“བློས་འགེལ་ཆོག་པ་དང་། སྤྱོད་ཐུབ་པ། གཞིས་ཆགས་ཐུབ་པ”བཅས་ཀྱི་བྱང་ཚད་མཐོ་ཞིང་བཀོལ་སྤྱོད་ཆོག་པའི་ཤེས་ལྡན་པ་གསོ་སྐྱོང་ཧུར་ཐག་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་སློབ་ཆེན་གྱིས་སློབ་གྲྭའི་རིག་གནས་འཛུགས་སྐྱོང་ཚོགས་ཆུང་བཙུགས་པ་དང་སློབ་གྲྭའི་རིག་གནས་འཆར་འགོད་དང་སློབ་གྲྭའི་རིག་གནས་སྤུས་རྟགས་བྱེད་སྒོའི་རྣམ་གྲངས་ཀྱི་འཛུགས་སྐྲུན་ཇུས་གཞི་བཟོས་ཏེ་སློབ་གྲྭའི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་འགན་ལེན་བྱས་པ་རེད། བོད་ལྗོངས་སློབ་ཆེན་དྲིལ་བསྒྲགས་པུའི་པུའུ་ཀྲང་ཟླ་བས་སློབ་གྲྭས་དཔེ་མཛོད་ཁང་དང་སློབ་གྲྭའི་བྱེད་སྒོ་ལྟེ་གནས་སོགས་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་མཚུངས་སློབ་གྲྭའི་ལོ་རྒྱུས་དང་གནས་ཚུལ་ངོ་སྤྲོད་བྱ་རྒྱུར་ཡང་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སློབ་གྲྭའི་འཛུགས་སྐྲུན་འཕེལ་རྒྱས་ཀྱི་གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་སྲོལ་རྒྱུན་བཟང་པོར་བརྟེན་ནས་མི་སེམས་གཅིག་སྒྲིལ་དང་བློ་སྟོབས་འཕེལ་བར་བྱས་ཡོད། སྤྱི་པའི་འདུ་གནས་སུ་སློབ་གྲྭའི་གདམ་བཅའ་བཀོད་པའི་རྡོ་དང་། སྦྱར་ཡིག་བྱང་བུ། ཕྱོགས་སྟོན་བྱང་བུ་བཅས་བསྒྲིགས་པ་དང་གསུང་ཚིག་གྲགས་ཅན་དང་གདམ་ཚིག་དང་ཤེས་དཔལ་བྱང་བུ་སོགས་བཟོས་ནས་བཀལ་ཏེ་ས་མཐོའི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་བྱས་ཏེ་སློབ་གྲྭའི་རིག་གནས་ཀྱི་ནང་དོན་གཏིང་ཟབ་ཏུ་བཏང་ཡོད། དེ་དང་ཆབས་ཅིག་སློབ་གྲྭ་སྔོ་འགྱུར་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། སློབ་གྲྭའི་ཁོར་ཡུག་གཙང་ཞིང་གྲལ་འགྲིག་པ་དང་། ཟ་ཁང་གཙང་སྦྲ་དོད་པ། བཟའ་བཅའ་བདེ་ཐང་དང་སོས་པ་ཡིན་པ་མ་ཟད་རིན་གོང་ཡང་འཚམ་པོ་བཅས་ཡོད་པས་དེས་ཀྱང་སློབ་གྲྭའི་རིག་གནས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་ངོ་སྤྲོད་བྱས།

    རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་ལེགས་སུ་བཏང་བ་དང་དུས་མཚུངས་སློབ་གྲྭས“རིག་གནས་ཀྱི་གྲགས་ཅན་མི་སྣ་སློབ་གྲྭར་བསྐྱོད་པ”དང“སྤྱོད་གཙང་རིག་གནས་སློབ་གྲྭར་སྤེལ་བ”“ཁྱད་འཕགས་སྒྱུ་རྩལ་སློབ་གྲྭར་སྤེལ་བ”སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱས་ནས་དགེ་སློབ་ཚོའི་ཕྱོགས་གང་ཅིའི་ཐད་ཀྱི་བྱང་ཚད་མཐོ་རུ་བཏང་བ་རེད། 

    གཞན་ཡང་ད་དུང་སློབ་ཁྲིད་ཚན་པའི་ཆེད་ལས་ཀྱི་ཁྱད་ཆོས་སྔོག་འདོན་ཧུར་ཐག་བྱས་པས“སློབ་གླིང་རེར་སྤུས་རྟགས་རེ”ཡོད་པའི་སློབ་གྲྭའི་རིག་གནས་ཀྱི་བཀོད་པ་ཆགས་ནས་སློབ་གྲྭའི་རིག་གནས་ཕུན་སུམ་ཚོགས་སུ་ཕྱིན་པ་རེད།

    ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།