[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཉམས་ཞན་སློབ་གྲྭ་སྒྱུར་བཀོད་བྱས། དོ་སྙོམས་སློབ་གསོར་སྐུལ་འདེད་བཏང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-11

    440811_yis_1507611096235.jpg

    འདི་ནི་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་ཆ་ཚང་སློབ་ཆུང་གི་ཞོར་གཏོགས་བུ་བཅོལ་ཁང་དུ་སློབ་ཕྱིའི་བྱེད་སྒོ་སྤེལ་བའི་གནས་ཚུལ་ཡིན་པ།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་གཏོང་བའི་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱས་ནས་སློབ་ཞུགས་གོང་གི་སློབ་གསོར་གཏོང་ཆ་སྔར་བས་མང་དུ་བཏང་ཞིང་། 2016ལོར་ལྗོངས་ཡོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་10.9བཏང་སྟེ་སྐད་གཉིས་བུ་བཅོལ་ཁང་458གསར་སྐྲུན་རྒྱས་སྐྲུན་བྱས་པས། “གྲོང་ཁུལ་དུ་གཞུང་བཙུགས་བུ་བཅོལ་ཁང་དཔེ་སྟོན་བྱ་ཡུལ་དང་དམངས་བཙུགས་བུ་བཅོལ་ཁང་ལྟེ་བར་བྱེད་པ་དང་། སྡེ་ཁུལ་དང་མཉམ་སྡེབ་སོགས་སྤྱི་ཚོགས་སྟོབས་ཤུགས་ཐུན་མོང་ཐོག་ཞུགས་པ། ཞིང་འབྲོག་ཁུལ་དུ་རྫོང་གི་བུ་བཅོལ་ཁང་ལྟེ་བར་བྱེད་པ་དང་། ཤང་དང་གྲོང་ཚོའི་ཆ་ཚང་སློབ་ཆུང་དང་སློབ་ཁྲིད་ས་ཚིགས་སུ་སློབ་ཞུགས་གོང་གི་འཛིན་གྲྭ་ཞོར་འཛུགས་བྱེད་པའི”སློབ་ཞུགས་གོང་གི་སློབ་གསོའི་རྣམ་པ་ཞིག་ཐོག་མར་ཆགས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།