[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་གིས་སློབ་ཡོན་མེད་པའི་སློབ་གསོའི་ཁ་གསབ་ལོངས་སུ་སྤྱད་ཆོག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-05

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་བར། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་ཆེན་སློབ་མར་རོགས་དངུལ་སྤྲོད་ཤུགས་སྔར་བས་ཆེ་རུ་བཏང་ནས“སློབ་གསོ་འཕེལ་རྒྱས་བཏང་སྟེ་དབུལ་པོ་ཁག་གཅིག་དབུལ་སྒྲོལ་ཐུབ་པའི”ལས་དོན་དམིགས་ཚད་མངོན་འགྱུར་བྱ་ཆེད། ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་གྱིས《ལྷ་ས་གྲོང་ཁྱེར་གྱི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་གིས་མཐོ་རིམ་སློབ་གསོ་དང་ལེན་བྱེད་པར་སློབ་ཡོན་མེད་པའི་སློབ་གསོའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱ་རྒྱུའི་ཞིབ་སྲོལ》(གཤམ་དུ《ཞིབ་སྲོལ》ཞེས་བསྡུ་རྒྱུ)བཏོན་པ་དང་། 《ཞིབ་སྲོལ》དེ་ནི་2016 — 2017སློབ་ལོ་ནས་བཟུང་ལག་བསྟར་བྱས་ཤིང་། སློབ་གྲྭར་ཡོད་མུས་ཀྱི་སློབ་ཡོན་མེད་པའི་སློབ་གསོ་མྱོང་མཁན་སློབ་ཆེན་སློབ་མར་མཐོ་སློབ་གྲོན་དངུལ་གྱི་ཚད་གཞི་ལྟར་སློབ་ཡོན་མེད་པའི་སློབ་གསོའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་སྟེ། སློབ་ཡོན་དང་། ཉལ་ཁང་གི་རིན་པ། དཔེ་རིན་བཅས་རྩ་ཆག་གཏོང་རྒྱུ་མ་ཟད་ད་དུང་འཚོ་བའི་ཁ་གསབ་ཀྱང་སྤྲོད་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།