[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • སྣ་དཀར་རྩེ་རྫོང་གིས།

    ​ སྐབས་དང་པོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-29

     མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་འདུ་ཤེས་ལ་སྔར་བས་འགྱུར་ལྡོག་གཏོང་བ་དང“གཉིས་གཏོད”ཁེ་ལས་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར་སྣ་དཀར་རྩེ་རྫོང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་ལྷ་སར་གཉེར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དུས་ཡུན་ཉིན་བཅུའི་གསོ་སྦྱོང་འཛིན་གྲྭར་སློབ་མ་30ཞུགས་ཡོད་པ་རེད། གསོ་སྦྱོང་བྱེད་རིང་ལས་གཏོད་མཛུབ་ཁྲིད་དགེ་རྒན་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ཁྲལ་བསྡུའི་སྲིད་ཇུས་དང་ལས་གཏོད་བྱ་དགའ་སྤྲོད་པའི་སྲིད་ཇུས་གསལ་འགྲེལ་བྱེད་པའི་ཐབས་ལ་བརྟེན་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ལས་རིམ་དང་གཉེར་སྐྱོང་དོ་དམ་བྱ་ཐབས་འགྲེལ་བཤད་བརྒྱབ་པ་དང་ལམ་ལྷོངས་བྱུང་བའི་ལས་གཏོད་གནས་ཚུལ་ངོ་སྤྲོད་བྱས་ནས་སློབ་མ་ཚོར་ལས་གཏོད་ཤེས་བྱ་ཁྱབ་གདལ་བཏང་བ་མ་ཟད། ཁོང་ཚོར་ཁེ་ལས་ཀྱི་འཁོར་རྒྱུག་ལས་རིམ་ཤེས་སུ་བཅུག་པ་དང་འབྲེལ་སློབ་མ་ཚོར་ཁེ་ལས་བཙུགས་རྗེས་ཁུར་དགོས་པའི་བཅའ་ཁྲིམས་འགན་འཁྲི་དང་སྤྱི་ཚོཌ་འགན་འཁྲི་དེ་བས་མང་བ་ཤེས་སུ་བཅུག་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།