[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་དང་སྡོད་ཁང་འགན་ལེན་སྲིད་ཇུས་བཏོན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-27

     ཉེ་ཆར། བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱ་ཆེད། བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་དང་སྡོད་ཁང་འགན་ལེན་སྲིད་ཇུས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བྱེད་ཐབས》དུས་ཐོག་ཏུ་བཏོན་པ་དང་ཆ་རྐྱེན་མཐུན་པའི་སློབ་ཐོན་སློབ་མས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཁ་གསབ་ལེན་ཆོག་གི་ཡོད་པ་རེད།

    《བྱེད་ཐབས》ནང་སློབ་གྲྭ་ཐོན་ནས་ལོ་5(ལོ་5ཚུད་པ)སོང་བའི་སྐྱེ་ཁུངས་བོད་ནས་ཡིན་པའི་ཉིན་གང་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མས(འབྲིང་རིམ་ལས་རིགས་སློབ་ཐོན་སློབ་མ་ཚུད་པ)ལྗོངས་ནང་ཁུལ་གྱི་ཁེ་ལས་སུ་ལས་ཞུགས་དང་ལྗོངས་ནང་ཁུལ་དུ་རང་བརྟེན་ལས་གཏོད་བྱེད་པ་དང་། དེ་བཞིན་སློབ་ཁུངས་བོད་ནས་ཡིན་པའི་ཉིན་གང་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མས་ལྗོངས་ཕྱིའི་ཁེ་ལས་སུ་ལས་ཞུགས་བྱས་པར་སྡོད་ཁང་སྤྱི་གསོག་མ་དངུལ་སོགས་ཀྱི་ཁ་གསབ་སྤྲོད་རྒྱུ་སྟེ། ཁ་གསབ་སྤྲོད་ཡུན་ལོ་10ཡིན་པའི་ནང་ལོ་1ནས་5བར་ཁ་གསབ་100%སྤྲོད་པ་དང་། ལོ་6ནས་8བར་ཁ་གསབ་50%སྤྲོད་པ། ལོ་9ནས་10བར་ཁ་གསབ་30%སྤྲོད་པ་བཅས་དང་། 2017ལོའི་ཟླ་1ཚེས་1ཉིན་གོང་ལས་གཏོད་བྱས་པའི་མཐོ་སློབ་སློབ་ཐོན་སློབ་མའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཁ་གསབ་རེ་ཞུ་བྱེད་པའི་ལོ་ཚད་དེ་2017ལོའི་ཟླ་1ཚེས་1ཉིན་གོང་ལས་གཏོད་བྱེད་པའི་ལོ་ཚད་དང་མཉམ་དུ་རྩིས་བརྒྱབ་ནས་ཁྱོན་བསྡོམས་ལོ་10ལས་མི་བརྒལ་བ་དང་འབྲེལ། ལས་གཏོད་ཀྱི་དེ་མཚུངས་ལོ་ཚད་ལྟར་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཁ་གསབ་ཚད་གཞི་རྩིས་རྒྱག་རྒྱུའི་གཏན་འབེབས་བྱས་པ་རེད།

    《བྱེད་ཐབས》ནང་སྡོད་ཁང་སྤྱི་གསོག་མ་དངུལ་ཐད་སྔོན་ལ་འཇལ་བ་དང་རྗེས་སུ་ཁ་གསབ་སྤྲོད་པའི་བྱེད་ཐབས་ལག་ལེན་བསྟར་ནས་གཏོགས་ཁོངས་ཀྱི་རྩ་དོན་གཞིར་བཟུང་ལས་གཏོད་པས་ས་ཆ་དེ་གའི་མི་སྤྱི་སྡེ་ཚན་ལ་རེ་ཞུ་བྱེད་པ་དང་། སྡོད་ཁང་སྤྱི་གསོག་མ་དངུལ་ལོངས་སུ་སྤྱད་པའི་ཚན་པར་མི་སྤྱི་སྡེ་ཚན་གྱིས(ཁེ་ལས་སམ་ཡང་ན་མི་སྒེར)ཁ་གསབ་བྱ་ཡུལ་གྱི་ཁོངས་ཡིན་མིན་ཐད་ཞིབ་དཔྱད་གཏན་འཁེལ་བྱ་རྒྱུ་དང་སྡོད་ཁང་འཛུགས་སྐྲུན་སྡེ་ཚན(སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས)གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་བའི་གཞི་གྲངས་དང་འཇལ་བའི་བསྡུར་ཚད་སོགས་བོད་ཀྱི་འབྲེལ་ཡོད་སྲིད་ཇུས་དང་མཐུན་མིན་ཞིབ་དཔྱད་གཏན་འཁེལ་བྱ་རྒྱུ་དང་འབྲེལ་ཆ་རྐྱེན་མཐུན་པའི་ལས་གཏོད་པར་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་མི་སྒེར་གྱི་ཐོ་ཁོངས་བཟོ་རྒྱུ་དང་། ས་ཆ་དེ་གའི་ནོར་སྲིད་སྡེ་ཚན་གྱིས་མི་སྤྱི་སྡེ་ཚན་དང་སྡོད་ཁང་འཛུགས་སྐྲུན་སྡེ་ཚན(སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས)གྱིས་བཏོན་པའི་ཞིབ་དཔྱད་དཔྱད་གཞི་གཞིར་བཟུང་། སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ལ་ལོ་འཁོར་གོང་མའི་སྡོད་ཁང་སྤྱི་གསོག་མ་དངུལ་ཁ་གསབ་སྤྲོད་ཐེངས་གཅིག་ལ་སྤྲོད་པ་དང་དེ་རྗེས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱིས་ལས་གཏོད་པ་མི་སྒེར་གྱི་ཐོ་ཁོངས་ནང་སྤྲོད་རྒྱུ་རེད། གཞན་ཡང་རེ་ཞུ་བྱེད་མཁན་གྱིས་ལོ་ལྟར་ཟླ་7པའི་གོང་དུ《བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཁ་གསབ་རེ་ཞུའི་རེའུ་མིག》དང་། མི་སྒེར་གྱི་ཐོབ་ཐང་ལག་ཁྱེར་དང་དེའི་དཔར་མ། མི་སྒེར་གྱི་ཐེམ་ཐོ་དང་དེའི་དཔར་མ། མི་སྒེར་གྱི་སློབ་ཐོན་ལག་ཁྱེར་དང་དེའི་དཔར་མ། མི་སྒེར་གྱི་ལས་ཞུགས་ལས་གཏོད་ལག་ཁྱེར་དང་དེའི་དཔར་མ། ལས་གཉེར་ལག་ཁྱེར་དང་དེའི་དཔར་མ། མི་སྒེར་གྱིས་འཇལ་བའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དཔང་རྟགས་བཅས་ཁྱེར་ནས་འབྲེལ་ཡོད་སྡེ་ཚན་དུ་ལོ་འཁོར་གོང་མའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཁ་གསབ་རེ་ཞུ་བྱེད་དུ་འགྲོ་དགོས་པ་དང་ཆ་རྐྱེན་མཐུན་རིགས་ཀྱིས་བོད་དུ་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་ཁ་གསལ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།