[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ནང་སའི་མཐོ་རིམ་སློབ་འབྲིང་གི་བོད་ལྗོངས་འཛིན་གྲྭའི་ཆབ་སྲིད་ཐད་ཞིབ་བཤེར་དང་གཟུགས་པོར་བརྟག་དཔྱད་ཀྱི་ཚོད་འཛིན་སྐར་གྲངས་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-17

    གསར་འགོད་པར་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་གསལ། ལྗོངས་སློབ་གསོ་ཐིང་ཏང་ཙུའུ་ཡིས་ཞིབ་འཇུག་བྱས་པ་བརྒྱུད། 2017ལོའི་བོད་ཀྱི་ལྗོངས་ནང་ཁུལ་གྱི་སྐབས་འདི་གའི་དམའ་འབྲིང་སློབ་ཐོན་སློབ་མས་ནང་སའི་མཐོ་རིམ་སློབ་འབྲིང་གི་བོད་ལྗོངས་འཛིན་གྲྭར་ཐོ་འགོད་བྱེད་པའི་ཆབ་སྲིད་ཐད་ཞིབ་བཤེར་དང་གཟུགས་པོར་བརྟག་དཔྱད་ཀྱི་ཚོད་འཛིན་སྐར་གྲངས་མིག་སྔར་གཏན་འཁེལ་བྱས་ཤིང་། གཏན་འཁེལ་བྱས་རྗེས་ཀྱི་ཆབ་སྲིད་ཐད་ཞིབ་བཤེར་དང་གཟུགས་པོར་བརྟག་དཔྱད་ཀྱི་ཚོད་འཛིན་སྐར་གྲངས་ནི། ལྗོངས་ནང་ཁུལ་གྱི་ཞིང་འབྲོག་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་བུ་ཕྲུག་གི་སྐར་གྲངས་505དང་། ལྗོངས་ནང་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲངས་ཉུང་མི་རིགས་ཀྱི་བུ་ཕྲུག་གི་སྐར་གྲངས་525 ལྗོངས་ནང་ཁུལ་གྱི་བོད་སྐྱོད་ལས་བྱེད་ལས་བཟོའི་བུ་ཕྲུག་གི་སྐར་གྲངས་535བཅས་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 2017ལོར་ལྗོངས་ནང་ཁུལ་གྱི་ལོ་འདི་གའི་དམའ་འབྲིང་སློབ་ཐོན་སློབ་མས་ནང་སའི་མཐོ་རིམ་སློབ་འབྲིང་གི་བོད་ལྗོངས་འཛིན་གྲྭར་ཐོ་འགོད་བྱེད་པའི་ཆབ་སྲིད་ཐད་ཞིབ་བཤེར་དང་གཟུགས་པོར་བརྟག་དཔྱད་ཀྱི་ཚོད་འཛིན་སྐར་གྲངས་ནང་སྲིད་ཇུས་ཀྱི་སྐར་གྲངས་ཁ་སྣོན་དང་ལུས་རྩལ་སྐར་གྲངས་ཚུད་མེད་པ་རེད། མཐོ་འབྲིང་འཛིན་གྲྭར་བར་འཇུག་དང་མཐོ་འབྲིང་དཀྱུས་མའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས་ནི་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་བསྡུ་གཞུང་དོན་ཁང་གི་2017ལོའི་ཟླ་7ཚེས་27ཉིན་གྱི་སྤྱི་བསྒྲགས་ལ་གཞི་འཛིན་རྒྱུ་ཡིན་པ་དང་། མངའ་རིས་དང་ནག་ཆུ་ནས་ཡིན་པའི་སློབ་མར་ཆབ་སྲིད་ཐད་ཞིབ་བཤེར་དང་གཟུགས་པོར་བརྟག་དཔྱད་ཀྱི་ཚོད་འཛིན་སྐར་གྲངས་15དམའ་རུ་བཏང་ནས་གཟིགས་སྐྱོང་འོས་འཚམ་བྱ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།