[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • 《མི་དམངས་ཉིན་རེའི་ཚགས་པར》(བོད་ཡིག་པར་ངོས) རྩོམ་སྒྲིག་ཁང་ལ་བོད་ཡིག་ཤེས་ལྡན་པ་གདན་ཞུའི་གསལ་བརྡ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-20

    《མི་དམངས་ཉིན་རེའི་ཚགས་པར》(བོད་ཡིག་པར་ངོས)ལས་སྒོ་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་ལྗོངས་ཕྱི་ནང་ནས་བོད་རྒྱ་ཡིག་སྒྱུར(ཞུས་དག)གདན་ཞུ་བྱ་རྒྱུ་ཡིན་པས་འབྲེལ་ཡོད་དོན་ཚན་གྱི་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།

    གཅིག གདན་ཞུའི་ལས་གནས་དང་ཆེད་ལས།

    བོད་རྒྱ་ཡིག་སྒྱུར(ཞུས་དག)ལས་སྒོའི་ལས་དོན་མི་སྣ་10གདན་ཞུ་བྱ་རྒྱུ། ཆེད་ཚན་སློབ་གྲྭ་ཆེ་མོ་བ་ཡན་གྱི་སློབ་རྒྱུས་ལྡན་ལ་བོད་སྐད་ཡིག་རྩོམ་རིག་དང་། བོད་སྐད་ཡིག བོད་རྒྱ་ཡིག་རིགས་གཉིས་ཀྱི་ཡིག་སྒྱུར་ཆེད་ལས་བཅས་ཡིན་དགོས་པ་དང་། ཡིག་སྒྱུར་ལས་དོན་གྱི་ཉམས་མྱོང་ལྡན་པའམ་ཡང་ན་དུས་ཡུན་རིང་པོར་གསར་འགྱུར་རྩོམ་སྒྲིག་དང་ཡིག་སྒྱུར་ལས་དོན་བྱེད་མྱོང་ན་སྔོན་ལ་བསམ་བློ་གཏོང་རྒྱུ་ཡིན།

    གཉིས། མིང་ཐོ་འགོད་པའི་ཆ་རྐྱེན།

    (དང་པོ)མིང་ཐོ་འགོད་མཁན་ལ་གཤམ་གསལ་གྱི་ཐོབ་ཐང་དང་ཆ་རྐྱེན་ལྡན་དགོས་པ་སྟེ།

    1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ནས་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ།

    2.ལོ་45མན་ཡིན་པ། ལས་གཅེས་ལས་བཀུར་དང་། སྒྲིག་བཀུར་ཁྲིམས་སྲུང་། སྤྱོད་ཚུལ་གཞུང་དྲང་། ཀུན་སྤྱོད་བཟང་བ། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་པ། ལས་ཁུངས་ཀྱི་སྒྲིག་སྲོལ་ལམ་ལུགས་ལ་རང་རྟོགས་ངང་སྲུང་བརྩི་ཞུ་ཐུབ་པ་དང་གཟུགས་པོ་བདེ་ཐང་ཡིན་པ།

    ཕྱོགས་བསྡུས་བྱང་ཚད་ལེགས་པ་དང་བོད་རྒྱ་སྐད་རིགས་གཉིས་དང་ཡིག་སྒྱུར་ལས་དོན་བྱང་ཆུབ་པ་དང་། རྩོམ་སྒྲིག་དང་། རྩོམ་འབྲི། ཡིག་སྒྱུར། གཤམ་སྐྱོད་བཅར་འདྲིའི་ལས་དོན་གྱི་འགན་འཁུར་ཐུབ་པ་བཅས།

    (གཉིས་པ)གཤམ་གསལ་གྱི་གནས་ཚུལ་ལྡན་རིགས་མིང་ཐོ་འགོད་མི་ཆོག་པ་སྟེ།

    1.ཉེས་པ་བསགས་པ་ལས་ཉེས་དོན་གྱི་ཆད་པ་ཕོག་རིགས་དང་།

    2.སྒྲིག་འགལ་ཁྲིམས་འགལ་ལམ་ཡང་ན་སྒྲིག་འགལ་ཁྲིམས་འགལ་གྱི་དོགས་གཞི་ཡོད་པས་འབྲེལ་ཡོད་ལས་ཁུངས་ཀྱིས་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་ཐག་གཅོད་བྱུང་ མེད་རིགས།

    3.རྒྱལ་ཁབ་ལས་ཁུངས་དང་བྱ་གཞག་ཚན་པས་བསྡུས་པའི(གདན་ཞུ)དངོས་གཞིའི་ལས་དོན་མི་སྣ་དང་དེ་བཞིན་ཡིག་ཆ་ཨང་64པ་ལོངས་སྤྱོད་བྱས་ནས་སྔོན་ལ་ལས་འཁྱུར་བྱས་རིགས་བཅས་ཡིན།

    གསུམ། གདན་ཞུའི་གོ་རིམ།

    (དང་པོ) མིང་ཐོ་འགོད་ཐབས།

    མིང་ཐོ་འགོད་པའི་ཆ་རྐྱེན་དང་མཐུན་པའི་མི་སྣས་མིང་ཐོ་འགོད་པའི་ལོ་རྒྱུས་མདོར་བསྡུས་སྦྲག་སྒམ་xzrblrk@126.comལ་བསྐུར་ན་འགྲིག་པ་དང་།

    (གཉིས་པ) མིང་ཐོ་འགོད་པའི་དུས་ཚོད། 2017ལོའི་ཟླ་5ཚེས་22ནས་ཟླ་7ཚེས་12ཉིན་བར།

    (གསུམ་པ) ཐོབ་ཐང་ཞིབ་བཤེར་དང་། ཡིག་རྒྱུགས། ངོ་རྒྱུགས། རྟོག་ཞིབ།

    བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ཆབ་སྲིད་ལས་དོན་མི་དོན་ཁྲུས་ལོ་རྒྱུས་མདོར་བསྡུས་སྐུར་མཁན་མི་སྣར་ཐོབ་ཐང་ཞིབ་བཤེར་བྱ་རྒྱུ་དང་འབྲེལ་ཐོབ་ཐང་ཞིབ་བཤེར་བྱས་ཟིན་པའི་མི་སྣར་ཡིག་རྒྱུགས་དང་ངོ་རྒྱུགས་གཏོང་རྒྱུ། ཡིག་རྒྱུགས་དང་ངོ་རྒྱུགས་འཕྲོད་པའི་མི་སྣར་རྟོག་ཞིབ་བྱ་རྒྱུ། ཡིག་རྒྱུགས་དང་ངོ་རྒྱུགས་ཀྱི་དུས་ཚོད་དང་ས་གནས་སོགས་ཞིབ་ཕྲའི་དོན་ཚན་ཟུར་དུ་བརྡ་ཐོ་གཏོང་རྒྱུ་ཡིན།

    (བཞི་པ)གཟུགས་པོ་བརྟག་དཔྱད།

    ཡིག་རྒྱུགས་དང་། ངོ་རྒྱུགས། རྟོག་ཞིབ་བཅས་ཀྱི་ཚད་ལོན་པའི་མི་སྣ་ཆབ་སྲིད་ལས་དོན་མི་དོན་ཁྲུའུ་ཡིས་གཟུགས་པོ་བརྟག་དཔྱད་བྱེད་པར་འཁྲིད་རྒྱུ་དང་འགྲོ་གྲོན་རང་གིས་གཏོང་དགོས་པ།

    (ལྔ་པ)གདན་ཞུ་གཏན་འཁེལ་བྱས་མི།

    ཡིག་རྒྱུགས་དང་། ངོ་རྒྱུགས། རྟོག་ཞིབ། གཟུགས་པོ་བརྟག་དཔྱད་ཀྱི་འབྲས་བུ་བཅས་ལ་གཞིགས་ནས་གདན་ཞུའི་མིང་ཐོ་གཏན་འཁེལ་བྱེད་པ་དང་སྦྲགས་ཚན་པའི་གཞུང་ཕྱོགས་དྲ་ཚུགས་ཐོག་ཉིན་7ཡོངས་བསྒྲགས་བྱ་རྒྱུ་དང་བསམ་འཆར་མེད་ཚེ་གདན་ཞུ་བྱས་མི་གཏན་འཁེལ་བྱ་རྒྱུ།

    བཞི། དོན་ཚན་གཞན་དག་གི་གསལ་བཤད།

    1.བོད་རྒྱ་ཡིག་སྒྱུར་གྱི་ལས་གནས་ཐོག་གདན་ཞུ་བྱས་པའི་ཆེད་ལས་མི་སྣ་ཚོད་ལྟའི་བེད་སྤྱོད་བྱེད་ཡུན་ཟླ་6ཡིན།

    2.གདན་ཞུས་མི་སྣ་ཚོད་ལྟ་བེད་སྤྱོད་ཀྱི་དུས་ཚོད་ཐིམ་ནས་དཔྱད་ཞིབ་ཚད་ལོན་རྗེས་དངོས་སུ་གདན་ཞུའི་འགྲོ་ལུགས་གཉེར་བ་དང་ཆབས་ཅིག་གདན་ཞུའི་གན་རྒྱ་འཇོག་རྒྱུ་བཅས་སོ།

    ལྔ། གླ་ཕོགས་ཐོབ་ཐང་།

    གླ་ཕོགས་དང་དེ་བཞིན་འབྲེལ་ཡོད་ཐོབ་ཐང་གན་རྒྱ་གཞིར་བཟུང་ལག་བསྟར་བྱ་རྒྱུ་ཡིན།

    འབྲེལ་གཏུག་ཁ་པར། 0891—6322758དང་ 6322735 (བརྙན་སྐྱེལ)

    འབྲེལ་གཏུག་མི་སྣ། ལི་ལེང(15348914804)(0891—6322753)

    སྦྲག་སྒམ། xzrblrk @126.com

    ས་གནས། བོད་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་རྟགས་36པ།

    སྦྲག་ཨང་། 850000

    བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ཆབ་སྲིད་ལས་དོན་མི་དོན་ཁྲུའུ།

    《མི་དམངས་ཉིན་རེའི་ཚགས་པར》(བོད་ཡིག་པར་ངོས) རྩོམ་སྒྲིག་ཁང་།

    2017ལོའི་ཟླ་5ཚེས་15ཉིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།