[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སྤྱི་ཕན་བྱེད་སྒོ།
  • ​ བརྩེ་བ་དམངས་ལ་བཅངས། སྤྱི་ཕན་སྨན་བཅོས་བསྒྲུབས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-09

    439439_yis_1506747837280.jpg

    ཡུན་རིང་སྨན་བཅོས་རོགས་སྐྱོར་གྱི་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་སྙེ་མོ་རྫོང་གི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་སྒྲུབ་ནུས་ཆེ་རུ་གཏོང་ཆེད། ཉེ་ཆར“ཚོགས་ཆེན་བཅུ་དགུ་པར་ཕྱག་རྟགས་འབུལ། 528བརྩེ་སེམས་ཐེབས་རྩའི”བདེ་ཐང་དབུལ་སྐྱོར་བྱ་སྤྱོད་བོད་ལྗོངས་སྙེ་མོ་རྫོང་དུ་སྤེལ་བའི་བྱེད་སྒོ་སྙེ་མོ་རྫོང་མི་དམངས་སྨན་ཁང་དུ་འགོ་ཚུགས་པ་རེད། ད་རེས་ཀྱི་བྱེད་སྒོར་སྨན་བཅོས་རིགས་གཅིག་མཁས་ཅན་གྱི་དང་བླངས་པ་35བཞུགས་ཏེ་འོས་འགན་སྐོར་བསྐྱོད་བརྟག་དཔྱད་བྱེད་པ་དང་། བརྩེ་སེམས་མཚོན་པའི་ཞལ་འདེབས་འབུལ་བ། སྨན་བཅོས་རོགས་སྐྱོབ་བྱེད་པ། བདེ་ཐང་སློབ་གསོ་གཏོང་བ། བརྟག་ཞིབ་གསོ་སྦྱོང་བྱེད་པ། ཐུམ་འབུའི་ནད་བརྟག་དཔྱད་བྱེད་པ་སོགས་བརྗོད་དོན་གཙོ་བོའི་སྤྱི་ཕན་བྱེད་སྒོ་སྤེལ་ཞིང་། འདི་ནི་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་སྙེ་མོ་རྫོང་བྲག་སྐོར་ཤང་བོང་ཁང་གྲོང་ཚོའི་གྲོང་མིར་བརྟག་དཔྱད་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།