[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སྤྱི་ཕན་བྱེད་སྒོ།
  • འོས་འགན་སྨན་བཅོས་བྱས་ནས“འོད་སྣང”སྦྱིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-11

    424330_yis_1502337158083_s.jpg

    ཉེ་ཆར། པེ་ཅིང་ཐུང་རེན་ཀྲང་ཞའོ་ལུའོ་མིག་ནད་ཚན་ཁག་ཐེབས་རྩ་ལྷན་ཚོགས་ཀྱི“གཞིས་རྩེའི་སྤྱི་ཕན་བྱ་སྤྱོད”ཀྱི་སྨན་དོན་མི་སྣས་གཞིས་རྩེ་སྨན་རྩིས་ཁང་དུ་ས་གནས་དེ་གའི་སྐྱ་འགྲིབ་ཕོག་པའི་ནད་པ་31ལ་བསྐྱར་མཐོང་གཤགས་བཅོས་བྱས་པ་དང་ཆབས་ཅིག མི་200ཙམ་ལ་སྐྱ་འགྲིབ་ཕོག་མིན་གྲལ་བཤེར་བྱས་པ་རེད། པེ་ཅིང་ཐུང་རེན་ཀྲང་ཞའོ་ལུའོ་མིག་ནད་ཚན་ཁག་ཐེབས་རྩ་ལྷན་ཚོགས་ཀྱི་ད་ཐེངས་བོད་དུ་སྐྱོད་སའི་ས་ཚིགས་དང་པོ་གཞིས་རྩེ་གྲོང་ཁྱེར་བདམས་ནས་སྐྱ་འགྲིབ་ཕོག་པའི་ནད་པར་རིན་མེད་ངང་གཤགས་བཅོས་བྱས་པ་དང་དེ་རྗེས་ལྷ་ས་གྲོང་ཁྱེར་དུ་འབྲེལ་ཡོད་གཤགས་བཅོས་བྱེད་སྒོ་མུ་མཐུད་སྤེལ་རྒྱུ་ཡིན་པ་རེད།འདི་ནི་པེ་ཅིང་ཐུང་རེན་ཀྲང་ཞའོ་ལུའོ་མིག་ནད་ཚན་ཁག་ཐེབས་རྩ་ལྷན་ཚོགས་ཀྱི“གཞིས་རྩེའི་སྤྱི་ཕན་བྱ་སྤྱོད”ཀྱི་སྨན་དོན་མི་སྣས་གཞིས་རྩེ་གྲོང་ཁྱེར་དུ་མང་ཚོགས་ལ་སྐྱ་འགྲིབ་ཕོག་མིན་གྲལ་བཤེར་བྱེད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།