[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སྤྱི་ཕན་བྱེད་སྒོ།
  • “མཐའ་སྲུང་སྐྱེད་མས”བྱིས་པར་སྤྲོ་སྣང་སྦྱིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-09

    423502_yis_1502168237744_s.jpg

    འདི་ལོའི་ཟླ་3པར། བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གཏིང་སྐྱེས་མཐའ་སྲུང་མངགས་གཏོང་ཁང་གིས“མཐའ་སྲུང་སྐྱེད་མས་གཅེས་སེམས་སློབ་རོགས་བྱས་ཏེ་བྱིས་པར་སྤྲོ་སྣང་སྦྱིན”ཞེས་པའི་ཆ་སྒྲིག་རོགས་སྐྱོར་བྱེད་སྒོ་སྤེལ་ནས་ཁོངས་གཏོགས་ཁུལ་གྱི་དཀའ་ངལ་ཡོད་པའི་བྱིས་པ་དང་། གཞིས་ལུས་བྱིས་པ། ཕ་མ་ཡ་གྱར་གྱི་བྱིས་པ་བཅས་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་དོ་ཁུར་ཆེན་པོ་བྱས་ཡོད། ཉེ་ཆར། བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གཏིང་སྐྱེས་མཐའ་སྲུང་མངགས་གཏོང་ཁང་གི“མཐའ་སྲུང་སྐྱེད་མ”ཚོར་ཁོངས་གཏོགས་ཁུལ་གྱི་བྱིས་པ་ཚོས་བློ་གཅིག་སེམས་གཅིག་གིས་གྲ་སྒྲིག་བྱས་པའི་དུས་ཆེན་གྱི་ལག་རྟགས་འབྱོར་བ་དང་། ལག་རྟགས་སྣ་ཁ་མང་པོ་ཡོད་དེ། གཙང་ལ་གྲལ་སྒྲིག་པའི་སྦྱོང་ཚན་རེ་རེ་དང་། ཕུལ་བྱུང་གྲུབ་འབྲས་ཐོབ་པའི་སློབ་མཇུག་ཡིག་ཚད་ཀྱི་རྒྱུགས་ཤོག་རེ་རེ། ཡིད་སེམས་འགུལ་བའི་འཕྲིན་ཡིག་རེ་རེ་བཅས་ཡིན་ཞིང་། འདི་ནི་ཁོངས་གཏོགས་ཁུལ་གྱི་བྱིས་པ་ཚོས“མཐའ་སྲུང་སྐྱེད་མར”ལག་རྟགས་སྤྲོད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།