[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སྤྱི་ཕན་བྱེད་སྒོ།
  • ཁོར་ཡུག་གཙང་སྦྲའི་བཟོ་པར་བརྩེ་སེམས་བཅངས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-19

    414898_yis_1500007643890.jpg

    སྤྱི་ཚོགས་ཡོངས་སུ་ཁོར་ཡུག་གཙང་སྦྲའི་བཟོ་པའི་ངལ་རྩོལ་ལ་སྔར་བས་བརྩི་འཇོག་དང་། ཁོར་ཡུག་གཙང་སྦྲའི་བཟོ་པའི་བློས་གཏོང་གི་སྙིང་སྟོབས་དར་སྤེལ། ཁོར་ཡུག་གཙང་སྦྲའི་བཟོ་པའི་ཕྲུ་གུར་གཅེས་སྐྱོང་བཅས་བྱ་ཆེད། ཉེ་དུས། ལྷ་ས་བདེ་སྐྱིད་ནོར་བུ་སྤྲོ་སྐྱིད་གླིང་གིས་ཁྲེང་ཀོན་ཆུས་ཁོར་ཡུག་འཕྲོད་བསྟེན་གཙང་སྦྲ་ཚད་ཡོད་ཀུང་སི་དང་མཉམ་དུ་ཁོར་ཡུག་གཙང་སྦྲའི་བཟོ་པ་150ཁོ་ཚོའི་ཕྲུ་གུ་དང་མཉམ་དུ་སྒོ་འཛིན་མི་དགོས་པར་བདེ་སྐྱིད་ནོར་བུ་སྤྲོ་སྐྱིད་གླིང་དུ་ཅི་དགར་རོལ་བའི་བྱེད་སྒོ་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བདེ་སྐྱིད་ནོར་བུ་སྤྲོ་སྐྱིད་གླིང་གིས་སླད་ཕྱིན་འཐབ་ཕྱོགས་དང་པོའི་ཁོར་ཡུག་གཙང་སྦྲའི་བཟོ་པ་ཡིན་ཕྱིན། ཁོར་ཡུག་གཙང་སྦྲའི་བཟོ་པ་ཚང་མས་ལས་གནས་ལག་ཁྱེར་ལ་བརྟེན་ནས་རང་ཉིད་ཀྱི་ཕྲུ་གུ་སྒོ་འཛིན་མི་དགོས་པར་སྤྲོ་སྐྱིད་གླིང་དུ་རོལ་རྩེད་རྩེ་བར་ཁྲིད་ཆོག་པའི་གཏན་འཁེལ་བྱས་ཤིང་། འདི་ནི་ཁོར་ཡུག་གཙང་སྦྲའི་བཟོ་པའི་ཕྲུ་གུ་སྤྲོ་སྐྱིད་གླིང་དུ་རྩེད་མོ་རྩེ་བའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།