[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ལུས་ཁམས་འཕྲོད་སྦྱོར།
  • མིག་སྔའི་རིམས་ནད་ལ་དམིགས་ཏེ་རྒྱ་ཆེའི་མང་ཚོགས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་གང་དག་སྤྱོད་དགོས་སམ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-09-01

    རིམས་ནད་ཐོན་རིང་། རྒྱ་ཆེའི་མང་ཚོགས་ཀྱིས་སྤྱི་དམངས་ཀྱི་རིམས་འགོག་གི་གཞི་རྩའི་བྱ་སྤྱོད་ཚད་གཞིར་བརྩི་སྲུང་བྱེད་དགོས། ལག་པ་ཡང་སེ་བཀྲུ་བ་དང་གལ་ཏེ་ཁྱེད་རང་གི་ལག་པ་བཙོག་པ་ཆགས་པའམ་ཡང་ན་དོགས་པ་ཡོད་པའི་དངོས་པོའི་ཕྱི་ངོས་ལ་རེག་ཚེ་ལམ་སེང་ལག་པ་བཀྲུ་བའམ་ཡང་ན་ལག་པར་དུག་སེལ་བྱེད་དགོས། ཚན་རིག་དང་མཐུན་པའི་ངང་ཁ་རས་ཡག་པོ་རྒྱག་པ་དང་ཁ་རས་གཙང་མ་ཡོང་ཆེད་དུས་ཐོག་ཏུ་བརྗེ་དགོས། ཉིན་ལྟར་ཁང་པའི་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཐེངས་གཉིས་གསུམ་བྱེད་པ་དང་ཐེངས་རེར་སྐར་མ་20ནས་30བར་བྱེད་དགོས། འདུ་འཛོམས་ཉུང་ཙམ་བྱེད་པ་དང་དོན་དག་གལ་ཆེན་མེད་ཚེ་མི་སྣ་འདུ་འཛོམས་ཆེ་སར་མི་འགྲོ་བ་དང་། ཡ་རབས་ངང་ཁ་ལག་ཟ་བ། གློ་རྒྱག་སྐབས་ཀྱི་གུས་སྲོལ་ལ་དོ་སྣང་བྱེད་པ། བར་ཐག་སྨི་གཅིག་འཇོག་པ། གསང་སྤྱོད་ཀྱི་གཙང་སྦྲ་རྒྱུན་འཁྱོངས་བྱེད་པ། གཙང་སྦྲ་དང་དུག་སེལ་ཡག་པོ་བྱེད་པ། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཆགས་པ་བཅས་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།