[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ལུས་ཁམས་འཕྲོད་སྦྱོར།
  • མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-01

    684760_yis_1574923177314.jpg

     འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཙང་རལ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་སྨན་པས་སྡེ་ཁུལ་གྱི་མང་ཚོགས་ལ་ཁྲག་ཤེད་ལྟ་བཞིན་པ།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་མི་དམངས་མང་ཚོགས་ཚོའི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་ཏན་ཏིག་བཏང་བ་དང་། རིམ་ཁག་སྨན་བཅོས་སྒྲིག་གཞི་དང་རྒྱ་ཆེའི་སྨན་དོན་མི་སྣས་མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ་ཡག་པོ་ཞིག་བྱས་ཏེ་མང་ཚོགས་ཚོའི་རིམ་པ་མང་བ་དང་། སྣ་མང་ཅན། མི་གཤིས་ཅན་བཅས་ཀྱི་བདེ་ཐང་གི་དགོས་མཁོ་དེ་བས་གནད་སྨིན་ངང་བསྐངས་ནས་ཁོང་ཚོར་སྨན་བཅོས་བདེ་ཐང་གསར་གཏོད་ཀྱི་གྲུབ་འབྲས་ལས་བྱུང་བའི་བདེ་ཐང་གི་ཕན་པ་ཏན་ཏན་ཏིག་ཏིག་ངང་ལོངས་སུ་སྤྱོད་རྒྱུ་ཡོང་བ་དང་། ནད་གཞི་ལྟ་སྐབས་སེམས་ཁྲལ་མི་དགོས་པ་དང་། དུས་ཚོད་གྲོན་ཆུང་། སྟབས་བདེ་བ། དངུལ་གྲོན་ཆུང་བཅས་ཡོང་བ་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།