[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ལུས་ཁམས་འཕྲོད་སྦྱོར།
  • གཟུགས་པོ་བདེ་མ་ཐང་མ་ཡིན་པའི་ཚད་གཞི་བཅུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-25

    གང་འདྲ་བྱས་ན་ལུས་སེམས་གཉིས་ཀ་བདེ་ཐང་ཡོང་ཐུབ་བམ་ཞེ་ན།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཞིབ་འཇུག་དབྱེ་ཞིབ་བྱས་ནས་ཞིབ་ཕྲའི་ཚད་གཞི་བཅུ་ཕྱོགས་སྡོམ་བྱས་པ་གཤམ་གསལ་ལྟར།

    1.སེམས་ཤུགས་ངེས་ཅན་ལྡན་དགོས་ཤིང་རྒྱུན་གཏན་གྱི་འཚོ་བ་དང་ལས་ཀར་དཀའ་ངལ་འཕྲད་དུས་འཚབ་འཚུབ་དང་དངངས་སྐྲག་ཆེན་པོ་མ་སྐྱེས་པར་ཁ་གཏད་ཡག་པོ་གཅོག་ཐུབ་པ། 

    2.གནད་དོན་ཐག་གཅོད་བྱེད་སྐབས་བསམ་བློ་ཡག་པའི་ཕྱོགས་སུ་གཏོང་ཐུབ་པ་དང་དེར་འགན་འཁྲི་ཡག་པོ་འཁུར་བ།

    3.ངལ་གསོ་ངེས་ཅན་བརྒྱབ་པ་དང་གཉིད་དུས་ཐོག་ཏུ་ཁུག་པ།

    4.སྟབས་བསྟུན་གྱི་ནུས་པ་ཡག་པོ་ཡོད་པ་དང་གནས་ཚུལ་གང་ཡིན་དེ་དང་འཚམ་པའི་ཐབས་ཇུས་འདོན་མཁས་པ། 

    5.རྒྱུན་གཏན་གྱི་ཆམ་ནད་དང་འགོས་ནད་ལ་སྔོན་འགོག་ཡག་པོ་བྱེད་ཐུབ་པ།

    6.གཟུགས་པོའི་ལྗིད་ཚད་ཚད་དང་མཐུན་པ་དང་གཟུགས་པོའི་བོངས་ཚད་ཆ་སྙོམས་པོ་ཡོད་པ།

    7.མིག་ཁྲ་ལམ་མེར་ཡོད་ལ་གཉན་ཁ་རྒྱབ་མི་སླ་ཞིང་ཚོར་བ་སྐྱེན་པོ་ཡོད་པ།

    8.སོ་གཙང་ཞིང་རུལ་པ་མེད་པ་དང་སོ་རྙིལ་དམར་མདངས་རྒྱས་ལ་ཁྲག་མི་དོན་པ།

    9.སྐྲ་ལོ་གནག་ཅིང་སྣུམ་པ་དང་། སྐོགས་ལྤགས་མེད་པ།

    10.པགས་པ་མཉེན་ཞིང་འཇམ་ལ་གོམ་པ་སྤོ་སྐབས་ཡང་ཤ་དོད་པོ་ཡོད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།