[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ལུས་ཁམས་འཕྲོད་སྦྱོར།
  • འོ་མ་སྟེར་བའི་དུས་ཚོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-10

    སྤྱིར་ཕྲུ་གུ་མང་ཆེ་བས་འོ་མ་སྐར་མ་6ནས་10བར་བཏུངས་རྗེས་མཚམས་འཇོག་གི་ཡོད། ཡིན་ནའང་ཕྲུ་གུ་ཁག་གཅིག་གིས་དུས་ཚོད་རིང་པོ་འཐུང་གི་ཡོད་ལ་ཐ་ན་ཆུ་ཚོད་ཕྱེད་ཀ་ཙམ་འཐུང་མཁན་ཡང་ཡོད། སྐྱེས་མའི་ནུ་ཏོག་ན་བ་དེ་ཕྲུ་གུས་འོ་མ་འཇིབ་པའི་དུས་ཚོད་རིང་ཐུང་དང་འབྲེལ་བ་མེད་པར་དེ་ནི་འཇིབ་ས་མི་འདྲ་བ་ལས་ཐོན་པ་ཞིག་རེད། དེར་བརྟེན་ཕྲུ་གུར་འོ་མ་སྟེར་སྐབས་ནུ་ཏོག་གནད་ལ་འཁེལ་ནས་འཇིབ་རུ་འཇུག་དགོས་ལ་གང་མང་མང་འཇིབ་ཏུ་འཇུག་དགོས།

    ཨ་མའི་འོ་མ་མ་སྟེར་གོང་འཇིབ་རུ་སྟེར་མི་རུང་། འོ་མ་དང་པོ་ཕྲན་བུས་ཕྲུ་གུ་དམར་འབྱར་གྱི་རྒྱུན་གཏན་དགོས་མཁོ་སྐོང་ཐུབ། གལ་ཏེ་ཨ་མའི་འོ་མ་མ་སྟེར་གོང་འཇིབ་རུ་སྟེར་ཚེ་ཕྲུ་གུས་ཨ་མའི་ནུ་མ་འཇིབ་འདོད་བྱེད་ཀྱི་མེད་ལ་གྲོད་པའང་བཤལ་སླ། དེར་བརྟེན་ཨ་མའི་འོ་མ་མ་སྟེར་གོང་འཇིབ་རུ་སྟེར་ན་ཨ་མའི་འོ་མ་འབབ་པའི་དུས་ཚོད་འགྱངས་ཏེ་ནུ་འབུར་སྐྲངས་པ་དང་ནུ་མའི་གཤེར་རྨེན་གཉན་ཚད་ཕོག་སླ་བ་མ་ཟད། ཨ་མས་འོ་མ་སྟེར་མི་ཐུབ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།