[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ལུས་ཁམས་འཕྲོད་སྦྱོར།
  • བྲ་བོའི་ཟས་རིགས་ཟས་དྲགས་རྒྱུ་མེད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-08

    བྲ་བོ་ནི་མིའི་རིགས་ཀྱིས་གནའ་སྔ་མོ་ནས་བཏབ་མྱོང་བའི་སྐྱེ་དངོས་ཤིག་ཡིན་ལ། དེས་འགྲོ་བ་མིའི་རིགས་ཀྱི་བཀྲེས་ལྟོགས་སེལ་བ་མ་ཟད། སྐབས་འཕྲལ་ནད་རིགས་ལའང་ཕན་ནུས་ཐོན་བཞིན་ཡོད། འོན་ཏེ་ཟས་སྐོམ་ཚང་མར་སྤྱོད་ཐལ་དྲགས་པའི་ཞོར་སྐྱོན་ཡོད་པ་དོན་དངོས་ལས་ར་སྤྲོད་མང་པོ་བྱས་མོད།

    རང་རྒྱལ་གྱི་ཀྲུང་ལུགས་གསོ་རིག་དང་དམངས་ཁྲོད་ཀྱི་ཉམས་མྱོང་ལ་གཞིགས་ན། བྲ་བོ་ནི་ཕོ་བར་འཇུ་དཀའ་ལ། དེས་ལུས་་པོའི་ཚ་བ་དང་རླུང་འཕེལ་བར་ངོས་འཛིན་གྱི་ཡོད་དེ། བྲ་བོ་ཟས་དྲགས་ཚེ་རླུང་འཕེལ་ཏེ་མགོ་ཡུར་འཁོར་བ་སོགས་ཀྱི་ནད་རྟགས་མངོན་གྱི་ཡོད། དེས་ན་དཔྱིད་ཀ་ཤར་རྗེས་བྲ་བོ་བཟས་ན་གཟུགས་པོའི་གྲང་རླུང་འཕེལ་ནས་ནད་རྙིང་སློང་བས་མཚེར་པ་དང་ཕོ་བའི་ནད་རིགས་ཡོད་མཁན་ཚོས་ཟ་རྒྱུ་མེད། བོད་ལུགས་གསོ་རིག་གི་གཞུང་དུ་བྲ་བོའི་ཟས་རིགས་སྤྱོད་ཐལ་དྲགས་ཚེ།  ལུས་པོའི་རླུང་མཁྲིས་བད་ཀན་གྱི་འབྱུང་བ་འཁྲུག་འགྲོ་བར་ངོས་འཛིན་གྱི་ཡོད། དེ་མིན་བྲ་བོ་ནི་ཕོ་བའི་སྨན་ཡིན་མོད། དངུལ་ཆུ་བཙོ་ཐལ་གྱི་སྨན་རིགས་དང་མཉམ་དུ་ཟ་མི་རུང་ངོ་། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།