[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱི་ཚན་རྩལ་གྱིས་ཞིང་འབྲོག་ལས་ལ་ལེགས་སྐྱེས་འབུལ་ཚད་50% ལྷག་ཙམ་ཟིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-15

    གསར་འགོད་པས་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱས་པར། 2019ལོར་བོད་ཀྱིས་བྱ་དགར་བརྟེན་ནས་ཁ་གསབ་སྤྲོད་པ་དང་། དངུལ་བུན་ལ་སྐྱེད་གསབ་སྤྲོད་པ། རྣམ་གྲངས་ལ་ཁ་གསབ་སྤྲོད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཚན་རྩལ་གསར་གཏོད་དང་ཚན་རྩལ་རྣམ་གྲངས་ལག་བསྟར་ལ་རྒྱབ་སྐྱོར་བྱས་པས། ལོ་ཧྲིལ་པོའི་ནོར་སྲིད་ཀྱི་ཚན་རྩལ་གཏོང་སྒོ་སྒོར་དུང་ཕྱུར་10ཡན་ཟིན་པ་དང་ནོར་སྲིད་ཀྱིས་ཚན་རྩལ་ཐད་མ་དངུལ་གཏོང་ཤུགས་དང་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་ཞིབ་སྤེལ་ཐད་མ་དངུལ་གཏོང་ཤུགས་23%དང་19%སོ་སོར་འཕར་ནས་ཚན་རྩལ་གྱིས་ཞིང་འབྲོག་ལས་ལ་ལེགས་སྐྱེས་འབུལ་ཚད་51%ཟིན་ཡོད་པ་རེད།

    2019ལོར་བོད་ཀྱི་འབྲུ་རིགས་ཐོན་འབབ་དང་ཕྱུགས་ཟོག་བཤས་ཚད་རྒྱུན་མཐུད་ངང་འཕར་བ་དེའི་ནང་འབྲུ་རིགས་ཐོན་འབབ་ཏུན་ཁྲི་105ཟིན་པ་དང་དཀར་ཆུ་དང་ཤའི་ཐོན་རྫས་ཏུན་ཁྲི་90ལྷག་ཙམ་ཟིན་ཡོད། ཞིང་འབྲོག་ཐོན་ཟོག་ལས་སྣོན་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་སྒོར་དུང་ཕྱུར་48.9ཟིན་ནས་དུས་མཚུངས་ལས་16%འཕར་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།