[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་སྦྱོང་གི་གཞི་རྟེན་གསར་གཏོད་བྱས་ནས་སློབ་སྦྱོང་གི་ཕན་འབྲས་མཐོ་རུ་གཏོང་བ།

    བོད་ལྗོངས་སློབ་ཆེན་གྱིས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་བཏང་བར་ཕན་འབྲས་དངོས་ཐོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-03

    བོད་ལྗོངས་སློབ་ཆེན་གྱིས་འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་རྣམ་པ་སྣ་ཚོགས་ཀྱི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བ་དང“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་རྩ་བའི་ལས་འགན་ལ་དམ་པོར་དམིགས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་རེད།

    སློབ་སྦྱོང་བྱ་ཡུལ་དེ་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་སློབ་ཁང་དུ་བཞག་ཅིང་། བསམ་བློ་ཆབ་སྲིད་སློབ་ཚན་དེ་དངོས་གཞིའི་ཚན་ཁག་གི་སློབ་ཚན་དུ་བཅུག་པ་ནི་བོད་ལྗོངས་སློབ་ཆེན་གྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བའི་བྱ་ཐབས་དངོས་ཤིག་རེད། དེ་དང་དུས་མཚུངས་སློབ་གྲྭའི་ཏང་ཨུད་ཀྱིས་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་འཛུགས་རྒྱུའི་བྱེད་པོའི་འགན་འཁྲི་ཆེ་རུ་ཏན་ཏིག་གཏོང་ཆེད་སློབ་གྲྭའི་ཏང་ཨུད་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་སློབ་ཚན་ཁྲིད་པ་རེད། མིག་སྔའི་བར་རིམ་ཁག་ཏང་སྲིད་འགོ་ཁྲིད་ཀྱིས་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་དང་ཏང་གི་སློབ་ཚན་ཁྱོན་ཐེངས་72ཁྲིད་པ་དང་སློབ་ཁྲིད་ཀྱི་འཐབ་ཕྱོགས་དང་པོར་སློབ་ཚན་ཐེངས་135ཉན་པ་རེད།

    སློབ་སྦྱོང་བྱ་ཡུལ་གཞི་རིམ་གྱི་ཏང་རྩ་འཛུགས་སུ་བཞག་ཅིང་། བོད་ལྗོངས་སློབ་ཆེན་གྱིས་ཏང་འཛུགས་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་དང་འདུ་ཤེས་འཛིན་སྟངས་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་ལག་བསྟར་བསམ་འཆར་དང་ལས་དོན་གལ་ཆེན་ཚད་ལྡན་དུ་གཏོང་བའི་དགོངས་སྐོར་སྙན་ཞུའི་བསམ་འཆར་བཟོས་ཏེ་ཏང་ཨུད་ཀྱི་ཚོགས་འདུའི་གྲོས་མཐུན་གྱི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་བ་རེད། ལྗོངས་ཡོངས་ཀྱི་མཐོ་སློབ་ཏུ་རིམ་པ་གཉིས་པའི་སློབ་གླིང་གི་ཏང་རྩ་འཛུགས་ཚོགས་འདུ་དང་ཏང་སྲིད་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་མཐུན་སྒྲིག་སྲོལ་སྔོན་དུ་བཏོན་ནས་རིམ་པ་གཉིས་པའི་ཏང་རྩ་འཛུགས་ཀྱི་སྐོར་ཞིབ་ལས་དོན་སྔོན་ལ་སྤེལ་འགོ་ཚུགས་པ་རེད། གཞི་རིམ་གྱི་ཏང་ཀྲི་པའི་ཚད་གཞི་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས་རིམ་ཁག་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་ཡོངས་ཀྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད། བོད་ལྗོངས་སློབ་ཆེན་ལ་ད་ཆ་གཞི་རིམ་ཏང་ཀྲི་པུའུ་153དང་ཏང་ཡོན་2688ཡོད་པ་དང་དགེ་རྒན་ལས་བཟོ་ཏང་ཡོན་གྱི་བསྡུར་ཚད་65.5%དང་སློབ་མ་ཏང་ཡོན་གྱི་བསྡུར་ཚད་15.5%ཟིན་ཡོད།

    སློབ་སྦྱོང་བྱ་ཡུལ་རིག་གཞུང་ཚན་ཁག་འཛུགས་སྐྲུན་གྱི་མདུན་གྲལ་དུ་བཞག་ཅིང་། 

    ཉེ་ཆར“བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་ཚན་ཁག་རྩེ་གྲ་གཏོད་པའི་གྲུབ་འབྲས་འགྲེམས་སྟོན”སློབ་གྲྭའི་དགེ་སློབ་ཡོངས་ལ་ཕྱོགས་ནས་དངོས་སུ་སྤེལ་བ་དང་། བོད་ལྗོངས་སློབ་ཆེན་གྱིས་ད་དུང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང“རིག་གཞུང་ཚན་ཁག་རྩེ་གྲ”འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་ཟུང་འབྲེལ་དམ་ཟབ་བྱས་ཏེ། ལས་གྲུབ་ལས་གཏོད་བྱེད་རིང་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པ་མངོན་པར་བྱས་ཡོད། “ས་མཐོའི་ཚན་རིག་ལག་རྩལ”དང“མི་རིགས་ཀྱི་ཕུལ་བྱུང་རིག་གནས”ཀྱི་ཁྱད་ཆོས་ལྡན་པའི་རིག་ཚན་ཚོགས་པ་ཆེན་པོ་གཉིས་ལ་དམ་པོར་དམིགས་ཏེ། བོད་ལྗོངས་སློབ་ཆེན་གྱིས་སྒོར་དུང་ཕྱུར་1.5ལྷག་ཙམ་བཏང་ནས་ས་མཐོའི་ཚན་རྩལ་ཞིབ་འཇུག་ལྟེ་གནས་དང་། མི་རིགས་ཀྱི་རིག་གནས་ཞིབ་འཇུག་ལྟེ་གནས། བོད་ལྗོངས་སློབ་ཆེན་གྱི་ཇོ་མོ་གླང་མའི་རྒྱལ་སྤྱིའི་ས་མཐོའི་ཚན་རིག་ཁང་ཕྱིའི་ལྟ་དཔྱད་ཚད་འཇལ་དང་སྨན་བཅོས་སྲོག་སྐྱོབ་ས་ཚིགས། བོད་ལྗོངས་སྨི་ཏི་ཁ་རྒྱལ་ཁབ་འདམ་རའི་སྣོད་བཅུད་མ་ལག་གི་ངེས་གནས་ལྟ་དཔྱད་ཚད་འཇལ་ས་ཚིགས་སོགས་ཆུ་ཚད་མཐོ་བའི་རིག་གཞུང་ཚན་ཁག་གི་ལས་སྟེགས་ཁག་གཅིག་བཙུགས་པ་རེད།

    སློབ་སྦྱོང་བྱ་ཡུལ་སློབ་མའི་ཚོགས་པའི་འཐབ་ཕྱོགས་དང་པོར་བཞག་ཅིང་། སློབ་གླིང་གི་རིག་གནས་གཞི་རྟེན་གཙོ་བོ་གཅིག་སྡུད་མངོན་པའི་བོད་ལྗོངས་སློབ་ཆེན་གྱིས་སློབ་མའི་ཚོགས་པའི་བྱེད་སྒོའི་ནུས་པ་གཙོ་བོ་གང་ལེགས་བཏོན་ཏེ། སློབ་གྲྭའི་ཁྱད་ལྡན་དང་རིག་གཞུང་ཚན་ཁག་གི་ཁྱད་ཆོས་ལྡན་ལ་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་བ་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་འདིར། བོད་ལྗོངས་སློབ་ཆེན་གྱིས“ལང་ཚོར་བརྟེན་ནས་མེས་རྒྱལ་ལ་དགའ་ཞེན་མཚོན་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་དང“ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། རྒྱལ་སྟོན་བསུ་བ”བཅས་ཀྱི་བོད་ལྗོངས་སློབ་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སོགས་སྤེལ་བ་དང་འབྲེལ་དགེ་སློབ་སྒྲིག་འཛུགས་བྱས་ནས་ལེགས་སྐྱེས་འབུལ་བའི་གློག་བརྙན《ང་དང་ངའི་མེས་རྒྱལ》བལྟས་པ་དང་། ཞིང་བྲན་ཁྲི་ཚོར་བརྒྱའི་དྲན་གསོ་ཁང་དང་། བོད་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་ཁང་། བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་སོགས་ལ་ལྟ་སྐོར་བྱས་པ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སློབ་གསོ་བཅས་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་དགེ་སློབ་ཀྱིས་ཐོག་མའི་འགན་འཁྲི་བློ་ལ་བརྟན་པའི་བཅངས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་ལ་ཧུར་ཐག་ཞུགས་རྒྱུར་སྔར་བས་སྐུལ་མ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།