[ English ] [ 中文 ]
0891-6325020
དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་དུ“ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-01

    ཉིན་ཤས་གོང་། ལྗོངས་ཞིང་ལས་ཚན་རིག་ཁང་གིས“ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། རང་ལྗོངས་ཀྱི་གཞི་རིམ་ཞིང་འབྲོག་པ་དང་ཚན་ཞིབ་ཁང་གི་འཐབ་ཕྱོགས་དང་པོའི་ཚན་རྩལ་མི་སྣ་ཁྱོན་90ལྷག་ཙམ་སློབ་མཇུག་སྒྲིལ་བའི་མཛད་སྒོར་ཞུགས་ཡོད་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭར་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་ནས་སློབ་ཚན་འཁྲིད་པས། གཞི་རིམ་གྱི་ཚན་རྩལ་ཤེས་ལྡན་མི་སྣས་སློབ་སྦྱོང་བྱེད་སྐབས་སྐད་བརྡ་མི་འཕྲོད་པའི་འགོག་རྐྱེན་བསལ་བ་དང་ཆབས་ཅིག ད་དུང་རྟག་ཏུ་འབྱོར་མིན་གྱི་ཞིབ་བཤེར་ལམ་ལུགས་བཙུགས་ཏེ། གསོ་སྦྱོང་མི་སྣའི་སྤྱོད་ཚུལ་དང་། སྒྲིག་ཁྲིམས། བདེ་འཇགས་སོགས་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ནུས་ཤུགས་ཡོད་རྒུས་སློབ་མའི་འཚོ་བའི་གནད་དོན་ཐག་གཅོད་བྱས་ཏེ“ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྦྱོང་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།